གསར་འགྱུར་ཞིག་གི་འཕྲོས་བཤད།

སྐད་ཡིག་སྲུང་སྐྱོབ་སོགས་རྒྱ་ནག་གི་རྩ་ཁྲིམ་གཞིར་བཟུང་གིས་རྩོད་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད། འདི་ལྟར་བོད་མིའི་ལས་འགུལ་གྱི་ངོ་བོར་འགྱུར་བ་སོང་བ་དེ་རྒྱ་ནག་གི་བཙན་ཤུགས་ལ་ཁ་གཏད་གཅོག་མི་ཐུབ་པ་དང། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་བརྟེན་ནས་བྱུང་བ་ལས། བོད་མི་རིགས་ཀྱི་མངོན་འདོད་དངོས་དེ་སེམས་ཁོངས་སུ་ཉར་ནས་ཕན་མེད་དུ་འགྱུར་རྒྱུའི་ཉེན་ཁར་སླེབས་ཡོད་པ་རེད།།