ཆོས་དུང་དཀར་པོ་ཞིག་པའི་དུས་དེབ་གསར་པ་ཞིག་ཐོན་འདུག

འདོན་བཞིན་པ་འདི་དག་ནི་ངོ་མཚར་སྔགས་བརྗོད་ཀྱི་ཡུལ་དུ་འགྱུར་ངེས།དུས་དེབ་འདི་ཡང་འདབ་ཤོག་གཉིས་ལྡན་གྱི་ཤེས་ཡོན་ཅན་གྱི་གྲྭ་རྐྱང་བཅོས་མའི་ཁག་ཅིག་གིས་སྤྲང་པོ་ནང་གྲོས་ཀྱི་དཔེར་ལྟར་བྱས་ནས། ཕྱི་ལོ་༢༠༠༥ལོར་རྒྱ་ཆེ་མྱུག་ཐོག་པ་ཡོངས་ལ་ཞེན་སྐུལ་ཞུ་འབྲས་སུ་མི་རིགས་ཀྱི་སྐད་ཡིག་ཁོ་ན་ ཐུགས་ལ་བརྣག་ནས་ཆོས་དུང་དཀར་པོ་ཞིག་པའི་དུས་དེབ་འདི་ཡང་ཐོག་མའི་གོམས་སྟབས་དེ་དཔལ་ས་སྐྱ་པའི་སྨོན་ལམ་ཆེན་མོ་དང་སྟབས་སྟུན་གནས་མཆོག་ལུམྦཱི་ཚལ་དུ་གོམས་ཁ་དང་པོ་དེ་ནས་སྤོ། དུས་དེབ་འདིར་མཚོན་ན་ཆོས་བརྒྱུད་བྱེ་བྲག་པ་ཞིག་དང་ཆོལ་ཁ་དང་ལུང་ ཚན་ག་གེ་མོ་ཞིག་གིས་བདག་ཏུ་བཟུང་བ་མ་ཡིན་པས་རང་ཉིད་ཀྱི་བརྗོད་འདོད་པ་དེ་སྙན་མོ་གྲེ་འགྱུར་གྱི་ལམ་ནས་དྲངས་ཆོག་པས་སྣ་འཛོམས་རང་བཞིན་ཅན་གྱི་དུས་བདེ་ཞིག་རེད་འདུག འདིའི་ནང་རྩོམ་པ་པོ་མང་ ཆེ་བ་ས་རྭ་མཐོ་སློབ་དང་བལ་ཡུལ་རྒྱལ་ཡོངས་ས་ཆེན་གསུང་རབ་སློབ་གཉེར་ཁང་གཉིས་གཙོས་པའི་ཕྱོགས་བཞུགས་དགོན་སྡེ་ཁག་ནང་བཞུགས་པའི་མྱུག་ཐོག་པ་རྣམས་དང་ལྷག་པར་དུ་བོད་ནང་གནས་པའི་རྩོམ་པ་པོ་མི་ཉུང་བ་སྐོར་ཅིག་གིས་རྩོམ་ཡང་འདིར་འབྱོར་བཞིན་ཡོད་ཀྱང་བཙན་བྱོལ་སྤྱི་ཚོགས་ནང་ཀློག་མཁན་མ་རག་པས་བཀའ་ངལ་གྱི་རྐྱེན་པས་ལོ་རེ་ལ་ཐེངས་རེ་འདོན་བཞིན་འདུག དེབ་འདིའི་རྒྱབ་ཤ་ལ་ལོ་རྒྱུས་ཀྱི་རང་ བཞིན་ལྡན་པའི་དགོན་སྡེ་དང་གནས་རི་སོགས་འཇོག་སྲོལ་འདུག བརྗོད་བྱ་གཙོ་བོ་ནང་དོན་རིག་པ་དང་རིག་གནས་སོགས་ཀྱི་དཔྱད་གླེང་། དགོན་སྡེ་དང་མི་སྣ་ངོ་སྤྲོད་དེ་འབྲེལ་གྱི་ལོ་རྒྱུས་ཞིབ་འཇུག དཔེ་བདེ་བསྐྱར་ཞིབ་ཀྱི་དཔྱད་རྩོམ། བསྒྱུར་རྩོམ། ཉམས་ཞིབ་ཁྱད་ལས་ཀྱི་ཐབས་ལམ་སོགས་རེད་འདུག དུས་བདེ་འདིའི་རྩོམ་སྒྲིག་པ་གཙོ་བོ་ནི། ལྷ་ཆེན་སྤྱན་ཡངས་རྒྱ་མཚོ་དང། མཁྱེན་རབ་བཟང་པོ། བློ་གསལ་དོན་འགྲུབ། ཨ་འདུས་སྐལ་བཟང་རྒྱལ་མཚན་བཅས་རེད་འདུག ཆོས་དུང་དཀར་པོ་དུས་དེབ་འདིར་སྔ་ཕྱིར་བར་གསུམ་དུ་བཀའ་སློབ་ལམ་སྟོན་དང་རྩོམ་སྐུར་སོགས་གནང་ མཁན་དྲག་ཤོས་དེ་ནི་མཁས་དབང་རག་ར་རིན་པོ་ཆེ་རེད་འདུག ཁྱེད་ཅག་གིས་དུས་བདེ་འདི་ཀློག་འདོད་དང་གོང་དུ་བཀོད་པའི་བརྗོད་བྱ་ཐོག་རྩོམ་སྐུར་མོས་པ་བྱུང་ཚེ་གློག་རྡུལ་ཁ་བྱང་འདིའི་ཐོག་འབྲེལ་ལམ་ཞུས་ན་བདེ་རླག་ངང་ཁྱེད་ཅག་གི་འདོད་དོན་དེ་འགྲུབ་ངེས། E-mail: lhokhalosal@yahoo.co.in