ལོ་རྗེས་མ་ཨ་རིར་དུས་འཁོར་དབང་ཆེན་གནང་རྒྱུ་ཡིན་འདུག

བོད་གཞུང་དྲ་བ་ནས་གནས་ཚུལ་སྤེལ་བ་ལྟར་ན། བོད་གཞུང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་༢༠༡༠ ཟླ་༡༡ ཚེས་༡༩ ཉིན་བྱང་ཨ་རིའི་ཁྱབ་ཁོངས་བོད་རིགས་སྤྱི་མཐུན་ཚོགས་པ་ཡོངས་ལ་ཕྱི་ལོ་༢༠༡༡ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བཀའ་དྲིན་བསྩལ་རྒྱུའི་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་འབྲེལ་བའི་སྐོར་གྱི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།

གསལ་བསྒྲགས་དེའི་ནང་དུ། དུས་འཁོར་དབང་ཆེན་གསུང་ཆོས་ཀྱི་དྲྭ་རྒྱའི་སྐོར་དང་།  གསུང་ཆོས་ཕྱག་ཁྱེར་གྱི་གོང་ཚད་དང་འགྲེམས་ཚོང་སྐོར།  སྡོད་གནས་མགྲོན་ཁང་དང་འགྲིམ་འགྲུལ་སྐོར།  གསུང་ཆོས་ཀྱི་སྦྱིན་བདག་བྱེད་ཕྱོགས།  གསུང་ཆོས་རིང་དང་ཉིན་མཐའ་མ་སྟེ། ཕྱི་ལོ་༢༠༡༡ ཕྱི་ཟླ་༧ ཚེས་༡༦ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་སྐབས་ཚོགས་གསག་དགེ་སྒྲུབ་ཀྱི་ཞལ་འདེབས་འབུལ་ཕྱོགས་སྐོར་སོགས་དོན་ཚན་༦ འཁོད་ཡོད་པ་རེད་འདུག །

{jcomments on}