ཙོང་ཁ་པ། དེ་རིང་སྐུ་ཉིད་ལ་འབོད།

དང་པོ་ཐོས་པའི་ཕྱོགས་ལ་བརྩོན་པ་བསྟེན།།
བར་དུ་གཞུང་ལུགས་ཀུན་ལ་ཐོག་མེད་སྤྱངས།།
ཐ་མར་སློབ་བུའི་ཚོགས་ལ་ཉམས་ལེན་བསྟན།།
བོད་ཀྱི་སྟོན་པ་ཆེན་མོ་ཙོང་ཁ་པ།།

སྲས་ཀྱི་ཐུ་བོ་གཉིས་ཀྱི་གཙོ་བྱས་པའི།།
སྐལ་ལྡན་སློབ་བུའི་ཚོགས་གཉེར་འདུས་དེ།།
རྒྱ་ཆེན་སྨོན་ལམ་ཆེན་མོའི་སྲོལ་འབྱེད་པ།།
བྱང་ཆུབ་ལམ་ལ་མངས་གཉེས་ཙོང་ཁ་པ།

སྙིགས་དུས་སྐྱེ་བོ་བདག་འདྲའི་ལས་ངན་ཚོ།།
ཉིད་ཀྱི་གསུང་རབས་ལེགས་པའི་རྗེས་ཞུགས་དེ།།
ནམ་ཞིག་ཁྱེད་ཉིད་ཁོ་ནའི་ཞབས་སྙེགས་ནས།།
ཐར་བའི་ལམ་སྣེ་ཟིན་པར་བྱིན་གྱིས་སློབས།།

དམིགས་མེད་སྐྱེ་འགྲོའི་ཆེད་དུ་ཐུགས་བསྐྱེད་པ།།
བརྩེ་བའི་བདག་ཉིད་ཆེན་པོ་ཙོང་ཁ་པ།།
ཇི་སྲིད་འཁོར་བ་མ་སྟོང་དེ་སྲིད་དུ།།
འབྲལ་མེད་རྗེས་སུ་འཛིན་པར་གསོལ་བ་འདེབས།།

དགའ་ལྡན་ལྔ་མཆོད་ཆེན་མོ་མི་ཡུལ་གཞན་ཞིག་གི་རི་གྲོང་ནས་ལས་ཀའི་བར་གསེང་ནས་བསྐྱེལ་བའི་ཉིན་མོ། བོད་ཁ་བའི་ལྗོངས་དུ་བསམ་གྱི་མི་ཁྱབ་པའི་སྐྱེ་བུའི་གྲངས་ལས་འདས་པ་ཞིག་བྱོན་པའི་ཁྲོད་ཀྱི་རྗེ་ཙོང་ཁ་པ་ཆེན་པོ་མཆོག་གི་དགོངས་རྫོགས་ཉིན་མོ། ཨེས་སུ་རལ། རྗོ་སུ་ལམ་ནས། ༡།༡༢།༡༠