རྒྱུ་མཚན་གང་ཡང་ཤེས་མ་སོང་
གྲྭ་སྒྲིག་གང་ཡང་མེད་པར་ངེད་གཉིས་ཁྱེད་ལ་ཐུག་དུ་འབྱོར
ཁྱེད་ཀྱིས་སྔ་ས་ནས རང་གི་ཅ་དངོས་དག་གྲྭ་སྒྲིག་འདུག
མཉམ་དུ་ལོ་ན་དྲུག་བཅུ་ལས་བརྒལ་བའི་སྐྲ་སེར་མ་དེ་ཡང་
ཁྱམས་ར་དེ་ནས ཁྱེད་ཀྱི་སྐད་ཆ་རེ་རེ་ནི
རྒྱང་རིང་ས་ནས་མཆེད་དེ་འོང་
སྐད་ཆ་རེ་རེ་ནི་བོད་ཀྱི་གནས་བབ་རེད
ལུང་ཚིག་རེ་རེ་ནི་དུས་རབས་ཀྱི་གནས་སྟངས་རེད
མི་ལོ་དེ་འདྲའི་མང་བོ་ཞིག
ཁྱེད་ནས་ཅི་ཞིག་རྙེད་སོང་
ད་ལྟ་ཡང་མུ་མཐུད་དུ་འཕྲུལ་ཆས་དེ་དང་ཁྱེད་གཉིས
ལོ་རྗེས་མ་རྗེས་མ་ཞིག་ལ
གང་དུ་སླེབས་སྲིད
ང་དང་ང་འདྲ་བ་ཅི་ཙམ་གྱི་ཁ་སྒོ་རུ་གཏད་དེ
གང་ལྟར ང་དང་གྲོགས་པོའི་རྒྱང་རིང་གི་བོད་རིགས་རྒན་པ་ཞིག
ས་ཁུལ་འདིར་ཕེབས་པ་ཤེས་ནས་ཐུག་འཕྲད་དུ་ཡོང་བ་ཡིན
མ་བསམ་ས་ནས་ཁྱེད་རང་ལ་ཅི་འདྲའི་གྲྭ་སྒྲིག་ཞིག་འདུག
ང་ཚོས་སྐད་ཆ་མང་བོ་ཞིག་བཅར་འདྲིའི་ལེའུ་ཚན་ལས་བསྡུས་རྗེས
དོན་སྙིང་ཅན་གྱི་སྐད་ཆ་གང་ཞིག
རླུང་འཕྲིན་གྱི་སྐུད་ལམ་དེ་རྒྱུད་ནས
བོད་རིགས་ཅི་ཙམ་གྱི་རྣ་བར་འཕྲོད་སྲིད