འགྱུར་བ་གཏོང་རན་འདུག
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༢༩ ཕྱི་ལོ་ ༢༠༢༠/༡༡/༢༥
བོད་དོན་འཐབ་རྩོད་དང་རྒྱལ་སྤྱི འི་ཆབ་སྲིད་ཀྱི་འཁོར་ཕྱོགས་གང་ ཐད་ནས་བལྟས་ཀྱང་བོད་དོན་འཐབ་རྩོ ད་ཀྱི་ལངས་ཕྱོགས་སམ། དམིགས་ཡུལ་ལ་འགྱུར་བ་ཆེན་པོ་ཞི ག་ངེས་པར་གཏོང་རན་པ་ལྟ་བུར་གྱུ ར་ཡོད། ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་འོ ག་ནས་བོད་དོན་ཐད་གྲོས་ཆོད་བཞག་ པ་དང་། བོད་ཀྱི་སྲིད་སྐྱོང་ཕོ་བྲང་དཀར་ པོར་གདན་ཞུས་ཀྱིས་ཨ་རིའི་སྲིད་ གཞུང་གི་གནད་ཡོད་མི་སྣ་རྣམས་ལ་ མཇལ་འཕྲད་གནང་བ་ནི་འགྱུར་བ་ཆེན་ པོ་རེད། ལོ་འདིར་རྒྱ་དཀར་ནག་གཉིས་ཀྱང་བོ ད་དང་རྒྱ་གར་གྱི་ས་མཚམས་དང་འབྲེ ལ་བའི་ཐོག་འཁྲུག་པ་བརྒྱབ་ནས་ དམག་མི་མང་པོ་གསོད་རེས་བྱས་ཡོད་ པ་དང་། ད་ལྟའི་ཆར་ཡང་འཐབ་འཁྲུག་རྒྱུན་ ཆད་མེད། རྒྱ་གར་གྱི་སྲིད་བློན་མོ་དྷི་ཡི་ ཞལ་ནས་ད་བར་ས་མཚམས་དང་འབྲེལ་བའི ་ཐོག་ནས་བོད་ཀྱི་གནད་དོན་ཁ་གསལ་ གླེང་པ་ཞིག་ཕལ་ཆེར་བྱུང་མེད་ཀྱ ང་། རྒྱ་གར་གྱི་གསར་འགྱུར་བརྒྱུད་ ལམ་ཁག་དང་། རྒྱ་གར་གྱི་ཆབ་སྲིད་ཆེད་མཁས་པ་ རྣམས་ཀྱིས་ས་མཚམས་རྩོད་རྙོག་སོ གས་དང་འབྲེལ་ནས་བོད་དོན་གྱི་གལ་ གནད་གླེང་སློང་ཆེ་བའི་སྐབས་ཡིན།
སྤྱིར་བོད་ཀྱི་གནད་དོན་ཐག་གཅོད་ བྱེད་ཕྱོགས་དེ་རྒྱལ་ཁབ་གཞན་གྱི་ ཆབ་སྲིད་ཀྱི་འཁོར་ཕྱོགས་ཁོ་ན་ དང་བསྟུན་དགོས་པ་ཞིག་མིན་ནའང་། ད་བར་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ འཁོར་ཕྱོགས་ཐོག་ནས་རྒྱ་གཞུང་ལ་ བསྟུན་མཁས་ཆེན་པོ་བྱེད་བཞིན་པའི ་སྐབས་སུ་བོད་ཀྱི་རྩ་དོན་འཐབ་རྩོ ད་ཀྱང་དེ་དང་ཕྱོགས་མཚུངས་ཤིག་བྱེ ད་མ་ཐུབ་ན། བོད་དོན་འཐབ་རྩོད་དེ་རྒྱལ་སྤྱི འི་ཐོག་ནས་གྲོགས་མེད་ཁེར་རྐྱང་ དུ་འགྱུར་ཉེན་ཡོད་པའི་སྔོན་དཔག་ དང་ཐག་གཅོད་དེ་ལ་རྒྱུ་མཚན་ཡོད་ ཀྱང་། ད་ལྟའི་ཆར་བཙན་བྱོལ་བོད་གཞུང་གི ་ངོས་ནས་མུ་མཐུད་རྒྱ་ནག་གི་རྩ་ ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་ མི་རིགས་ས་གནས་རང་སྐྱོང་གི་གནས་ བབས་རག་ན་འགྲིག་པའི་ལངས་ཕྱོགས་ དེ་མཐའ་འཁྱོངས་གནང་ནས། རྒྱ་གཞུང་གིས་ངོས་ལེན་དང་ཐག་གཅོ ད་གསལ་པོ་ཞིག་བྱེད་པའི་དབང་དུ་ བཏང་ན། བསམ་བློ་གཏོང་ས་ཞིག་ཡོད་ཀྱང་། དེའང་མ་བྱུང་བར་རྒྱལ་སྤྱིའི་ཁྱོ ན་ནས་རྒྱ་གཞུང་ལ་ཁ་གཏད་གཅོག་པའི ་འཕེལ་ཕྱོགས་འདིའི་ཐོག་ནས་བོད་ དོན་དེ་གྲོགས་མེད་ཁེར་རྐྱང་ཞིག་ ཏུ་འགྱུར་རྒྱུ་ལས་མེད་པ་དེ་ཧ་ ཅང་གསལ་པོར་གྱུར་ཡོད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེ ན་པོ་མཆོག་གིས་འགྲོ་བ་མི་ཙམ་དུ་ མ་ཟད། སྐྱེ་འགྲོ་ཡོངས་ལ་བྱམས་སྙིང་རྗེ ས་གཅིག་མཚུངས་སུ་གཟིགས་པའི་རླ བས་ཆེ་བའི་དགོངས་གཞི་འདི་ལ། བདུད་སྡིག་ཅན་རྒྱ་དམར་གཞུང་གིས་ ངོས་ལེན་གཏན་ནས་གནང་གི་མེད་པ་ དང་། ༧གོང་ས་མཆོག་གི་དགུང་ནའི་བབས་སོ གས་ལ་གནས་དུས་ཚོད་རྩིས་བྱེད་བཞི ན་ཡོད། རྒྱ་གཞུང་དང་མཉམ་དུ་སྡོད་རྒྱུའི ་སྲིད་བྱུས་འདི་ལ་བརྟེན་ནས་བཟང་ ཐག་ངན་ཐག་ཅིག་ཆོད་སོང་ན་འགྲིག་ པའི་དབང་དུ་བཏང་ཆོག་མོད། དེ་ཡང་མ་བྱུང་བར་བཙན་བྱོལ་བོད་ པའི་སྤྱི་ཚོགས་ནང་སྲིད་བྱུས་འདི ་ལ་འགྲེལ་བཤད་དང་ལོག་འགྲེལ་ཧ་ ཅང་མང་པོ་བརྒྱབ་པ་ལ་བརྟེན་ནས། ད་ལྟའི་ཆར་རྒྱལ་ཁབ་སོ་སོའི་རྒྱ་ དམར་གཞུང་ཚབ་ཏུ་འགྲོ་མཁན་དང་། དེ་དག་གི་ས་ནས་སྒེར་གྱི་ཁེ་ཕན་ ལེན་མཁན་སོགས་ཀྱང་དབུ་མའི་ལམ་གྱི ་སྲིད་བྱུས་ཡིན་རབས་ཤོད་མཁན་མང་ དུ་འགྲོ་བཞིན་ཡོད་པས། བོད་དོན་ཐད་སེམས་ཤུགས་ཡོད་མཁན་ མང་པོ་ཞིག་རང་རང་གི་ས་ནས་གཡོལ་ གང་ཐུབ་བྱེད་མཁན་མང་ནས་མང་དུ་ འགྲོ་བཞིན་ཡོད།
བོད་དོན་ཐག་གཅོད་ཀྱི་ཐོག་ནས་ནུ ས་པ་འཐོན་རྒྱུར་དཀའ་ངལ་ཆེན་པོ་ འཕྲད་ཡོད་པ་དང་། རྩ་དོན་འཐབ་རྩོད་ཀྱི་ཐོག་ལ་འགན་ ཁུར་ཡོད་མཁན་གྱི་མི་སྣ་ཡང་རང་ རང་སོ་སོའི་ས་ནས་གཡོལ་ཏེ་གུད་དུ ་སྡོད་བཞིན་ཡོད། རྒྱ་དམར་གཞུང་གི་དཔོན་རིགས་ལ་སྣེ ་ལེན་བྱེད་མཁན་དང་། གཞུང་ཚབ་ཁང་ཁག་ཏུ་སོང་ནས་གསོལ་ སྟོན་ལ་རོལ་བ་སོགས་ཀྱང་ཅུང་རྒྱུ ན་ལྡན་ཅན་དུ་འགྱུར་བཞིན་པའི་ཐོ ག་ལ། བོད་རང་བཙན་ནམ་བོད་ཀྱི་བདག་དབང་ སླར་གསོ་བྱ་རྒྱུའི་འབོད་ཚིག་ཙམ་ ལའང་རྣམ་རྟོག་སྐྱེ་བཞིན་པའི་ བསམ་ཚུལ་ཞིག་རྒྱ་ཡན་དུ་འགྲོ་རྒྱུ འི་ཉེན་ཁ་ཆེན་པོར་གྱུར་ཡོད། རྒྱ་གཞུང་གིས་གནས་སྟངས་འདི་ལ་རྒྱུ ས་ལོན་དང་། མི་སྣ་ཆེད་གཏོང་གིས་བོད་ནང་དང་ བཙན་བྱོལ་སྤྱི་ཚོགས་སུ་བསམ་ཚུལ་ འདི་རྣམ་པ་འདྲ་མིན་གྱི་ཐོག་ནས་ དར་ཁྱབ་ཏུ་གཏོང་ཐབས་བྱས་ནས། གྲུབ་འབྲས་ཆེན་པོ་ཐོན་རྒྱུར་བར་ ཐག་ཉེ་རུ་འགྲོ་བཞིན་ཡོད། དེར་བརྟེན་བོད་མིའི་སྒྲིག་འཛུ གས་ཀྱི་སྲིད་བྱུས་རྒྱ་དམར་གཞུང་ གི་མགོ་ཁྲིད་ཀྱི་འོག་ཏུ་སྡོད་ འཆར་དེ་ནི་རལ་གྲི་སོ་གཉིས་མ་བརླ ་བར་དུ་ལྷུང་བ་ལྟར་ཉེན་ཁ་ཅན་དུ་ གྱུར་ཡོད།
མདོར་ན་གནད་དོན་འདི་ནི་ཚོར་བ་རྐྱ ང་པ་ཙམ་གྱིས་ཐག་གཅོད་བྱེད་ཆོག་ པ་ཞིག་མིན་ལ། ཚོར་བ་གཏན་ནས་མེད་པའི་ཐོག་ནས་ ཐག་གཅོད་བྱེད་ཐུབ་པ་ཞིག་ཀྱང་མི ན། རྒྱ་གཞུང་གི་འོག་ཏུ་སྡོད་རྒྱུར་ དཀའ་ངལ་ག་རེ་ཡོད་མེད་ནི། བོད་དང་ཤར་ཏུར་ཀི་སི་ཐན་སོགས་ཀྱི ་གནས་སྟངས་ཐོག་ནས་གསལ་པོར་གྱུར་ ཡོད་ལ། དེང་དུས་ཧོང་ཀོང་གི་གནས་སྟངས་ཐོ ག་ནས་དེ་བས་ཀྱང་ཁ་གསལ་དུ་སོང་ཡོ ད། གནད་དོན་འདི་དག་ལ་བརྟེན་ནས་ཐའེ་ ཝན་མི་མང་གི་ངོས་ནས་ཀྱང་བསམ་བློ ་ཞིབ་ཚགས་བཏང་ནས་སྲིད་འཛིན་འོས་ བསྡུ་བྱས་ཡོད་པ་དང་། རྒྱལ་སྤྱིའི་ཐོག་ནས་ཀྱང་ད་ལྟ་བོ ད་ཀྱི་སྲིད་བྱུས་འདི་ཉིད་གྲོགས་ མེད་ཁེར་རྐྱང་དུ་ལུས་རྒྱུའི་ཚད་ དུ་སླེབས་ཡོང་གི་ཡོད་སྟབས། གནད་དོན་དེའི་ཐོག་ལ་༧གོང་ས་མཆོ ག་ཞལ་བཞུགས་པའི་སྐབས་འདིར་འགྱུ ར་བ་ཞིག་གཏོང་མ་ཐུབ་ན། མ་འོངས་པར་གནད་དོན་འདིའི་ཐོག་ལ་ རྒྱ་གཞུང་གིས་ལག་པ་བརྐྱངས་ནས་ བཙན་བྱོལ་བོད་པའི་སྤྱི་ཚོགས་འདི ་ཉིད་ཁ་འཐོར་དགུ་འཐོར་དུ་གཏོང་ རྒྱུའི་ལག་ཆ་ངན་པ་ཞིག་ཏུའང་འགྱུ ར་ཉེན་ཆེན་པོ་ཡོད།།