སྲིད་སྐྱོང་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བ་ཡག་པོ་མི་འདུག
འཇིགས་བྲལ་བསྟན་འཛིན།
གླེང་གཞི།
ཁྲིམས་ཞིབ་པ་ཟུར་པ་གསུམ་རང་འགུ ལ་གྱིས་སླར་ཡང་ཡར་ཕེབས་ནས་ཁྲི མས་ཞིབ་པའི་ཁྲིར་བཞུགས་ཤིང་། བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་ རིང་གིས་ཁྲིམས་ཞིབ་པ་ཟུར་པའི་ མདུན་ནས་སྲིད་སྐྱོང་ལས་ཁུར་དམ་ བཅའ་ཕུལ་སོང་། ཡིན་ནའང་བོད་མི་མང་སྤྱི་འཐུས་ལྷ ན་ཚོགས་ཀྱིས་དམ་འབུལ་མཛད་སྒོ་ཁྲི མས་མཐུན་དུ་ངོས་ལེན་མ་གནང་བའི་ ཐོག་ནས་སྐུ་ཚབ་བཅར་མ་སོང་། ད་ཆ་སྲིད་སྐྱོང་སྤེན་པ་ཚེ་རིང་ མཆོག་གིས་ལས་ཁུར་དམ་འབུལ་དེ་ཁྲི མས་མཐུན་ཡིན་མིན་རྩོད་པ་ཅན་ཞིག་ ཆགས་སོང་། ང་ནི་སྲིད་སྐྱོང་སྤེན་པ་ཚེ་རིང་ མཆོག་ལ་ཤ་ཚ་འདྲ་ཞིག་སྐྱེས་སོང་། འདི་འདྲ་ཞིག་ཆགས་པ་དེ་ཁོང་ལ་རྒྱ བ་སྐྱོར་དངོས་གནས་བྱེད་མཁན་མེད་ པས་རེད། རྒྱུ་མཚན་ནི་གཤམ་གསལ་ཁག་ཡིན།
གཅིག
ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ དབར་བཙན་བྱོལ་བོད་མིའི་བཅའ་ཁྲི མས་ཀྱི་ཁྲིམས་དོན་འགྲེལ་བརྗོད་ དང་། ཁྲིམས་དོན་ལག་བསྟར་བྱེད་ཕྱོགས་ ལ་རྩོད་གླེང་ཛ་དྲག་བྱུང་བ་རེད། མཐའ་དོན་སུ་བདེན་མིན་ལ་མ་ལྟོས་ པར་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲི མས་དོན་ཁ་གསལ་མེད་པ་དེ་ཚོ་ཁྲི མས་བཟོ་བའི་ལམ་ནས་སེལ་དགོས་པ་རེ ད། དེ་ནི་རྩ་བའི་ལས་དོན་བྱེད་ཕྱོ གས་རེད། དེ་མ་གཏོགས་ལམ་གཞན་པ་གང་ཡང་ཡོད་ མ་རེད།
རྩོད་གླེང་འདི་ལ་བརྟེན་ནས་ཆེས་ མཐོའི་ཁྲིམས་ཞིབ་པ་གསུམ་གྲོས་ཚོ གས་ཀྱི་འཐུས་མི་གསུམ་ཆ་གཉིས་ཡན་ གྱིས་ལས་གནས་ནས་འཕོ་འགྱུར་བཏང་ བ་རེད། སྤྱི་འཐུས་རྣམ་པར་མཚོན་ན་སྐབས་ དེར་སུ་གཅིག་གིས་བཙན་དབང་དང་། སྡིག་སྐུལ་མེད་པར་རང་ཐག་རང་གཅོ ད་ཀྱིས་འཕོ་འགྱུར་གཏོང་རྒྱུའི་ གྲོས་ཆོད་ལ་རྒྱབ་སྐྱོར་གནང་བ་རེ ད། སྤྱི་འཐུས་ལྷན་ཚོགས་མ་གཏོགས་དེ་ མིན་སུ་ལ་ཡང་དེ་འདྲའི་དབང་ཆ་ཡོ ད་མ་རེད། མཐའ་ན་བཅའ་ཁྲིམས་ཀྱི་དོན་ཚན་དང་ པོའི་དགོངས་དོན་འོག་ཏུ་ཡང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོ ག་ལ་ཡང་བོད་མིའི་སྒྲིག་འཛུགས་ཀྱི ་དབང་ལྡན་འགན་འཛིན་སུ་གང་ཡང་འཕོ ་འགྱུར་གཏོང་བའི་སྐུ་དབང་ཡོད་པ་ མ་རེད། འགན་དབང་ཆ་ཚང་ཡོད་མཁན་དེ་ནི་བོ ད་མི་མང་སྤྱི་འཐུས་ལྷན་ཚོགས་ཁོ་ ན་རེད། དེར་བརྟེན་སྤྱི་འཐུས་ཀྱིས་འཕོ་ འགྱུར་བཏང་ཟིན་པའི་དུས་དེ་མ་ཐག་ ནས་ཁྲིམས་ཞིབ་པ་གསུམ་ཟུར་པ་ཆགས་ ཟིན་པ་རེད། དེ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲི མས་ཀྱི་དགོངས་དོན་འོག་གི་མཐར་ཐུ ག་གི་ཐག་གཅོད་གཅིག་རེད། དེ་ཡིན་དུས་རང་དགར་ཁྲིམས་ཞིབ་པ་ ཟུར་པ་གསུམ་ཡར་སླེབས་ཡོང་ན་དེ་ ལ་ཐ་སྙད་གཅིག་མ་གཏོགས་ཡོད་མ་རེ ད། དེ་ནི་ཁྲིམས་མེད་ལུགས་མེད་ཀྱི་ བཙན་འཛུལ་རེད་ལབ་ན་ཆོག་གི་རེད།
གང་ལྟར་ཁྲིམས་ཞིབ་པ་ཟུར་པ་གསུམ་ གྱིས་ལས་དོན་རྒྱུན་སྐྱོང་བྱེད་ རྒྱུ་ཡིན་སྐོར་གྱི་གསལ་བསྒྲགས་ དེའི་དྲ་ལམ་ཐད་གཏོང་ལ་ངས་བལྟས་ པ་ཡིན། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་མཆོག་གི ས་གསལ་བསྒྲགས་ཡི་གེ་དེ་ཀློག་སོ ང་། ཡིན་ནའང་ཡི་གེ་ཡག་པོ་ཀློག་ཤེས་ ཀྱི་མི་འདུག སྐབས་རེ་སྒྲ་གོ་གི་མི་འདུག སྐབས་རེ་སྒྲ་ཤུགས་ཆེ་ཐག་ཆོད་ཀྱི ་འདུག ཀློག་སྟངས་ལ་བལྟས་ཡོང་ན་ཡི་གེའི ་ནང་དོན་ག་རེ་བྲིས་ཡོད་པ་ཡག་པོ་ ཤེས་ཀྱི་ཨེ་ཡོད་ན་བསམ་བསམ་ཞིག་ འདུག དམའ་མཐར་གསལ་བསྒྲགས་ཡི་གེ་དེ་ལ་ ནང་སྦྱོང་ཏོག་ཙམ་བྱས་ཡོད་ན་དེ་ འདྲའི་ཐབས་སྐྱོ་པོ་རང་ཡོང་གི་མ་ རེད་ཨང་བསམ་སོང་། ད་དུང་གནས་ཚུལ་གཞན་ཞིག་ལ། གསལ་བསྒྲགས་ཡི་གེ་ཀློག་པའི་སྐ བས་ངོ་དེབ་ཐད་གཏོང་དེ་ཐད་ཀར་མི་ འདུག དཀྱོག་ནས་འདུག ལས་ཀ་དཀྱོག་དཀྱོག་བྱས་ན་བྱེད་སྟ ངས་དཀྱོག་དཀྱོག་མ་གཏོགས་ཅི་ཡོད་ བསམ་སོང་། གང་ལྟར་ང་ཚོ་བཙན་བྱོལ་བ་རེད། དགྲ་ཁ་གཏད་དེ་རྒྱ་ནག་དམར་པོའི་ གཞུང་རེད། རྒྱ་གཞུང་གིས་བལྟས་བསྡད་ཡོད་རེ ད་བསམ་དུས། སོ་སོ་རང་ཉིད་བཙན་བྱོལ་བ་ཞིག་ཡི ན་པའི་ཆ་ནས་གདོང་པ་ཚ་ལམ་ལམ་བྱས་ བྱུང་།
གང་ལྟར་གྲོས་ཚོགས་ཀྱིས་ལས་གནས་ ནས་འཕོ་འགྱུར་བཏང་ཟིན་པ་ཡིན་སྟ བས་ཁྲིམས་ལུགས་ཀྱི་ཐོག་ནས་ཁྲི མས་ཞིབ་པ་ཟུར་པ་གསུམ་ལ་མུ་མཐུད་ ཞབས་སྟེགས་འཛིན་དབང་མེད་པ་དང་ གཅིག མང་ཚོགས་ནང་བྱེད་སྟངས་དེ་ལ་ཁྲི མས་མཐུན་དུ་ངོས་འཛིན་ཡོད་མེད་ དང་གཉིས་བཅས་ཀྱི་གནས་སྟངས་འོག བདམས་ཐོན་སྲིད་སྐྱོང་གི་ལས་ཁུར་ དམ་འབུལ་མཛད་སྒོ་དེ་ཡང་ཁྲིམས་ མཐུན་ཡིན་མིན་རྩོད་པ་རེད། ཡིན་ནའང་དེ་ནི་སྲིད་སྐྱོང་སྤེན་ པ་ཚེ་རིང་གི་རྒྱབ་སྐྱོར་བ་ཡིན་ ཟེར་མི་ཚོས་ལས་འགུལ་སྤེལ་བའི་གྲུ བ་འབྲས་རེད། གྲུབ་འབྲས་དེས་བདམས་ཐོན་སྲིད་སྐྱོ ང་གི་ལས་དོན་འགོ་འཛུགས་ས་དེ་ཁ་ ཆག་རྣ་རལ་ཞིག་ཏུ་གྱུར་པ་རེད། དེ་ལ་བློ་ཕམ་བྱུང་། མི་སྒེར་ངོས་ནས་སྤེན་པ་ཚེ་རིང་ ལ་རྒྱབ་སྐྱོར་མེད་ན་ཡང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ སྲིད་སྐྱོང་གི་ཁྲི་ལ་བཞུགས་མཁན་ དེས་ལས་དོན་འགོ་བཙུགས་སྟངས་དེ་ འདྲའི་སྐྱོ་པོ་ཞིག་བྱུང་བའི་ཆ་ ནས་བློ་ཕམ་བྱུང་། ཡིན་ནའང་དེ་ངའི་ལྟ་སྟངས་རེད། ངས་ནོར་མེད་ན་སྲིད་སྐྱོང་སྤེན་ པ་ཚེ་རིང་མཆོག་དམ་འབུལ་ཁྲིམས་ མཐུན་ཡིན་ལ་མིན་ལ་ཞིག་གི་ལམ་ནས་ ལས་དོན་གནང་འདོད་ཡོད་པ་འདྲ་བསམ་ བྱུང་།
གཉིས།
གོང་དུ་ཞུས་པ་བཞིན་སྲིད་སྐྱོང་ སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་ ཡིན་ཟེར་མཁན་སྤྱི་འཐུས་ཁག་ཅིག་ གྲོས་ཚོགས་ཚོགས་དུས་འཕར་མར་བཅར་ རོགས་མ་གནང་སྟབས། གྲོས་ཚོགས་འཕར་མ་འཚོགས་མ་ཐུབ་པ་ རེད། དེ་མ་ཐུབ་ཙང་གཤམ་གསལ་གནས་སྟངས་ དེ་དག་ལྷགས་པ་རེད།
གྲོས་ཚོགས་འཕར་མ་འཚོགས་ནས་ཁྲི མས་ཞིབ་པ་གསུམ་ལས་གནས་འཕོ་འགྱུ ར་བཏང་བའི་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་ཕྱིར་འཐེན་བྱེད་ཐུབ་ཡོད་ན། བདམས་ཐོན་སྲིད་སྐྱོང་གི་ལས་ཁུར་ དམ་འབུལ་དེ་ཁྲིམས་མཐུན་ཡིན་མིན་ ལ་རྩོད་པ་བྱེད་མི་དགོས་པ་ཞིག་རེ ད། གྲོས་ཚོགས་ཀྱི་གྲོས་ཆོད་ཕྱིར་ འཐེན་བྱེད་དགོས་ན། གྲོས་ཚོགས་ཀྱི་ཚོགས་འདུ་བརྒྱུད་ ནས་བྱེད་དགོས་པ་མ་གཏོགས་ལམ་གཞན་ གང་ཡང་ཡོད་མ་རེད།
ཡང་ན་གྲོས་ཚོགས་འཕར་མ་འཚོགས་ནས་ ཁྲིམས་སྒྲིག་བསྐྱར་བཅོས་གནང་ཐུ བ་ཡོད་ན། སྲིད་སྐྱོང་སྤེན་པ་ཚེ་རིང་གི་སྲི ད་སྐྱོང་ལས་ཁུར་དམ་འབུལ་དེ་ཁྲི མས་མཐུན་ཡིན་མིན་ལ་རྩོད་པ་གང་ ཡང་བྱེད་མི་དགོས་པ་ཞིག་རེད།
ད་དུང་ཡོང་རྒྱུའི་སྤྱི་འཐུས་ གསར་པའི་དམ་འབུལ་བྱེད་རྒྱུ་ཡང་ ཁྲིམས་ཞིབ་པ་ཟུར་པ་གསུམ་དང་འབྲེ ལ་བསྡད་ཡོད་ཙང་། སྤྱི་འཐུས་ཆ་ཚང་བ་ཞིག་གིས་དམ་ བཅའ་འབུལ་རྒྱུར་དཀའ་ངལ་འཕྲད་ངེ ས་པ་ཐག་ཆོད་པ་འདྲ་བོ་འདུག དམ་འབུལ་གྱི་ལས་རིམ་ཡག་པོ་འགྲོ་ མ་ཐུབ་ན། སྤྱི་འཐུས་ཚོགས་འདུ་འཚོགས་ཐབས་ མེད་ལ། དེ་མ་བྱུང་ན་སྤྱི་འཐུས་ཚོགས་གཙོ ་དང་། ཚོགས་གཞོན། ད་དུང་བཀའ་ཤག་གི་བཀའ་བློན་སོགས་ གང་ཡང་བསྐོ་ཐབས་མེད། དེ་ནི་དངོས་ཡོད་མདུན་དུ་ལྷགས་ པའི་དཀའ་ངལ་རེད།
གནས་སྟངས་དེ་འདྲ་ཞིག་ཏུ་འགྱུར་ བའི་རྒྱུ་མཚན་ནི། གོང་དུ་ཞུས་པ་བཞིན་སྲིད་སྐྱོང་ སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བ་ ཡིན་ཟེར་མཁན་སྤྱི་འཐུས་དེ་ཚོ་གྲོ གས་ཚོགས་འཚོགས་འདུ་ལ་མ་བཅར་བའི་ གྲུབ་འབྲས་རེད།
གསུམ།
སྲིད་སྐྱོང་དམ་འབུལ་ལ་སྤྱི་འཐུ ས་ཀྱི་སྐུ་ཚབ་མ་བཅར་ན་མ་བཅར། ༧གོང་ས་མཆོག་གིས་བཀའ་སློབ་གནང་ སོང་བ་ཟེར་མདོག་ཁ་པོ་རེད། ངས་ཀྱང་ཐད་གཏོང་བཀའ་སློབ་ཐད་ཀར་ དུས་ཐོག་མཇལ་བ་ཡིན། སྲིད་སྐྱོང་གསར་བ་ལ་བཀྲ་ཤིས་བདེ ་ལེགས་ཞུ། སྲིད་སྐྱོང་རྙིང་པས་ད་ལྟའི་བར་ དུ་ཧུར་ཐག་བྱས་པ་རེད། ཐུགས་རྗེ་ཆེ་ཞུ། དེ་ཙམ་ཡིན། འདི་ནི་༧གོང་ས་མཆོག་གིས་སྲིད་སྐྱོ ང་དམ་འབུལ་རང་ལ་དམིགས་ནས་གསུངས་ པ་དེ་རེད། དེ་མིན་སྤྱིར་མང་གཙོའི་ལམ་དུ་ འགྲོ་བ་ཁ་ཞེ་གཉིས་མེད་ཡིན་སྐོར་ སོགས་གསུངས་སོང་། ནམ་རྒྱུན་ཡིན་ན་ཐུགས་དགྱེས་པའི་ འཛུམ་མདངས་དང་ཞལ་རྩེད། བཞད་མོ་བཞད་པ་སོགས་གནང་གི་རེད། དེ་ནི་ཚང་མའི་ཤེས་གསལ་རེད། དེ་འདྲ་ནི་གང་ཡང་གནང་མ་སོང་། མ་ཟད་སྲིད་སྐྱོང་སྤེན་ཚེའི་ཕྱོ གས་གཏོགས་ཚོས་བར་སྐབས་ཧ་ཅང་སྡང་ སའི་གདན་ས་ཁག་སྐབས་འདིར་དམིགས་ བསལ་འབྲེལ་བ་མེད་ན་ཡང་། ༧གོང་ས་མཆོག་གིས་གདན་ས་ཁག་ལ་ནན་ ཏན་གྱིས་ཐུགས་རྗེ་ཆེ་གསུངས་སོང་ ། དེ་ནི་ཐུགས་བརྩེ་ཡོད་ས་ངོ་མ་དེ་ གདན་ས་ཁག་ཡིན་གསུང་གི་ཡོད་པ་ལྟ་ བུར་གོ་སོང་།
ད་ལན་སྤྱིར་༧གོང་ས་མཆོག་གིས་ བཀའ་སློབ་ཕེབས་པ་དེ་ནི། སྔོན་མ་སྲིད་སྐྱོང་ཟུར་པ་བློ་སེ ང་གི་ཁྲི་འདོན་མཛད་སྒོ་ལ་བཀའ་སློ བ་ཕེབས་ཙང་། སྲིད་སྐྱོང་སྤེན་ཚེ་ལ་ཡང་འདྲ་ མཉམ་གནང་བ་མཚོན་ཕྱིར་བཀའ་སློབ་ ཕེབས་པ་འདྲ་པོར་མཐོང་སོང་། གང་ལྟར་གོང་དུ་ཞུས་ཟིན་པ་ལྟར་ཁྲི མས་ཐོག་ནས་༧གོང་ས་མཆོག་གིས་བཀའ་ སློབ་གནང་བས་དམ་འབུལ་ཁྲིམས་མཐུ ན་ཡིན་མིན་གྱི་རྩོད་རྙོག་སེལ་ འགྲོ་བ་དེ་འདྲ་མ་རེད། མ་ཟད་ཉིན་འདི་ནི་བོད་མི་མང་སྤྱི ་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ རྒྱུན་ལས་མི་གྲངས་བརྒྱད་རྒྱུན་ ལས་ནས་དགོངས་པ་ཞུས་ཏེ། ད་ཆ་སྤྱི་འཐུས་རྒྱུན་ལས་ཀྱི་གྲུ བ་ཆ་ཡོངས་སུ་མ་ཚང་བ་ཆགས་པའི་ཉི ན་མོ་ཞིག་རེད།
གཞན་དོ་སྣང་བྱུང་བ་ཞིག་ལ། སྲིད་སྐྱོང་ཟུར་པ་བློ་བཟང་སེང་ གེ་མཆོག་གིས་ལས་འཁྱུར་གཏམ་བཤད་ གནང་སྐབས་སྲིད་སྐྱོང་གསར་པར་མི་ མང་རྒྱབ་སྐྱོར་དགོས་སྐོར་ནན་ཏན་ གྱིས་གཏམ་བཤད་གནང་སོང་། ཡིན་ནའང་སྲིད་སྐྱོང་སྤེན་པ་ཚེ་ རིང་གིས་ལས་ཁུར་དམ་བཅའ་བླངས་པ་ དང་འབྲེལ་མི་མང་ལ་ཐོག་མའི་ཡོངས་ ཁྱབ་གཏམ་བཤད་གནང་སྐབས་བཀའ་ཤག་རྙི ང་པར་ཐུགས་རྗེ་ཆེ་ཙམ་ཡང་གསུངས་ མ་སོང་བས་བློ་རྒྱ་མི་འདུག་ཨང་། ཨ་ཁ་བསམ་བྱུང་།
རེ་སྐུལ།
མཐའ་དོན་རེ་སྐུལ་ཞུ་རྒྱུ་ལ། སྲིད་སྐྱོང་སྤེན་པ་ཚེ་རིང་གི་རྒྱ བ་སྐྱོར་བ་ཡིན་ཟེར་མི་ཚོས་མ་འོ ངས་པར་ལས་དོན་གནང་སྐབས། ཕྱོགས་ཡོངས་ལ་དགོངས་པ་བཞེས་རོ གས། ལྷག་པར་སྲིད་སྐྱོང་སྤེན་པ་ཚེ་རི ང་མཆོག་ལ་སློབ་སྟོན་ལོག་པ་མ་བྱེ ད་རོགས་ཞུ་བ་ཡིན།
གསལ་བཤད།
༡༽ སྲིད་སྐྱོང་སྤེན་པ་ཚེ་རིང་ཞེས་ འབོད་དོན་ནི་ཁོང་གི་དམ་འབུལ་དེ་ ཁྲིམས་མཐུན་ཡིན་མིན་ཇི་ལྟར་ཡང་ ད་ཆ་སྲིད་སྐྱོང་གི་ཁྲི་ལ་བཞུགས་ ཡོད་ཙང་དེ་ལྟར་བྲིས་པ་ཡིན།
༢༽ ཁྲིམས་ཞིབ་པ་ཟུར་པ་ཞེས་བྲིས་ཡོ ད། དེ་ནི་བོད་མི་མང་སྤྱི་འཐུས་ལྷན་ ཚོགས་ཀྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ པའི་དགོངས་དོན་ལྟར་ན་ཁྲིམས་ཞིབ་ པ་ཟུར་པ་ཡིན་ཙང་དེ་ལྟར་བྲིས་པ་ ཡིན།