དམིགས་བསལ་སྐུ་ཚབ་དང་བཀའ་ཁྲིའི་འོས་མི་ལྷན་འཛོམས།

three_katri-nominees-in-kashagངོ་སྤྲོད་ཀྱི་ཚོགས་འདུ་དེ་ནི་༸གོང་ས་མཆོག་གི་བཀའ་འཁྲོལ་འོག བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་གོ་བསྡུར་གྱིས་སྐོང་འཚོགས་གནང་བ་ཞིག་ཡིན་པ་རེད། ཚོགས་འདུ་དེའི་ཐོག་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་ཁྲི་སྐབས་གསུམ་པའི་དངོས་གཞིའི་འོས་མི་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་། བཀའ་ཟུར་བཀྲིས་དབང་འདུས། མཁས་དབང་བློ་བཟང་སེང་གེ་གསུམ་ལ་བོད་རྒྱ་འབྲེལ་མོལ་སྐོར་ངོ་སྤྲོད་གནང་ཞིང་། ཐོག་མར་ཕྱི་ལོ་༡༩༧༩ ལོར་རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་ཏིང་ཞའོ་ཕིང་གིས་བོད་རང་བཙན་མ་གཏོགས་གནད་དོན་གཞན་ཚང་མ་གྲོས་བསྡུར་གནང་ཆོག་པར་གསུངས་པ་ལས་འཕྲོས་པའི་བོད་རྒྱ་ཞི་མོལ་གྱི་བརྒྱུད་རིམ་ངོ་སྤྲོད་གནང་ཡོད་པ་རེད།

དེ་བཞིན་ཕྱི་ལོ་༢༠༠༢ ནས་འབྲེལ་ལམ་བསྐྱར་མཐུད་ཀྱིས་འབྲེལ་མོལ་ཐེངས་དགུ་དང་ནང་ལུགས་གྲོས་བསྡུར་ཐེངས་གཅིག་གི་ཚིག་ཐོ་ཁྱོན་བསྡོམས་ཤོག་གྲངས་༦༢༣ དང་། རྒྱ་གཞུང་ལ་ཡིག་ཐོག་སྤྲད་པའི་ཡིག་ཆ་གསལ་བཤད་དང་། འགྲེལ་བརྗོད། གསལ་བསྒྲགས་བཅས་ཤོག་གྲངས་༢༠༠ ཡི་སྙིང་དོན་བཅས་འགྲེལ་བརྗོད་གནང་ཡོད་འདུག །

{jcomments on}