རྣམ་གླིང་བསྟན་སྒྲོལ་གྱི་མི་ཚེའི་ལོ་རྒྱུས།

བོད་ཀྱི་དཔེ་མཛོད་ཁང་ནས་ལོ་རྒྱུས་དེབ་ཕྲེང་༥༨ པའི་ངོ་བོར་པར་སྐྲུན་བྱས་པའི་རྣམ་གླིང་བསྟན་སྒྲོལ་གྱི་མི་ཚེའི་ལོ་རྒྱུས་ནི་ ཋེ་རེ་སེ་ ཨོབ་རེ་ཤེཊ་ ཧོ་ཌ་ལེར་གྱིས་བརྩམས་པ་དང་། བདེ་རབ་སྐལ་བཟང་ཚེ་རིང་གིས་བོད་བསྒྱུར་བྱས་པ་ཞིག་རེད་ལ། དེའི་ནང་། བོད་ཀྱི་ཉེ་རབས་ལོ་རྒྱུས་མ་བརྗེད་པ་དང་། ལྷག་པར་རྒྱ་དམར་གཞུང་གིས་དུས་ད་ལྟའང་བོད་མིའི་ཐོག་སྡུག་སྦྱོང་མནར་གཅོད་ཇི་འདྲ་ཞིག་གཏོང་གི་ཡོད་མིན་གསལ་འདོན་བྱ་ཆེད་བསྟན་སྒྲོལ་རང་ཉིད་ཆུང་བྱིས་པའི་དུས་སུ་སེམས་ངལ་ཇི་བྱུང་རྣམས་ལོ་རྒྱུས་ཀྱི་ཟིན་ཐོར་འགོད་རྒྱུའི་འདུན་པ་ཡོད་འདུག བསྟན་སྒྲོལ་གྱི་སེམས་གཏིང་དུ་སྦས་ནས་ཡོད་པའི་དྲན་ཤེས་དེ་དག་ཡང་སེ་འབྲེལ་བ་རྩ་བ་ནས་མེད་པའི་གནས་སྟངས་འོག་ཐར་ཐོར་ངང་དྲན་གསོས་ཀྱི་འདུག ཁོང་རང་ཉིད་ཀྱི་ཨ་མ་ལགས་ཀྱི་སྐོར་ལ་སྐད་ཆ་ཤོད་སྐབས་མིག་ཟུང་མཆི་མས་ཁེངས་པའི་གནས་སྟངས་དེ་འདྲ་ཡོང་གི་འདུག འོན་ཀྱང་བསྟན་སྒྲོལ་གྱིས་རང་ཉིད་བྱིས་པའི་དུས་སྐབས་དྲན་གསོ་བྱེད་སྟངས་ནི་འཛམ་གླིང་གཞན་ཞིག་ཏུ་ཡོད་པའི་མི་གཞན་དག་ཅིག་གི་སྐོར་ཤོད་ཀྱི་ཡོད་པའི་ཚོར་སྣང་སྟེར་བྱུང་། རྒྱ་གཞུང་གི་དབང་འཛིན་འོག་ཏུ་རང་ཉིད་ཀྱི་ཕ་མེས་ནས་དད་མོས་བྱེད་པའི་སངས་རྒྱས་ཀྱི་ཆོས་ཉམས་ལེན་བྱེད་འཇུག་གི་མེད་ནའང་། རང་ཉིད་ལོ་ན་ཕྲ་དུས་ནས་ནང་ཆོས་ཀྱི་ལྟ་བའི་སྙིང་པོ་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པ་རྒྱུད་ལ་འཇགས་ཐུབ་པ་དེས་གནས་དུས་གང་གི་ཐོག་ལའང་བསམ་བློ་བཟང་ཕྱོགས་ནས་གཏོང་ཐུབ་པའི་ཕན་ཐོགས་ཆེན་པོ་བྱུང་ཡོད་འདུག ཆོས་ཐམས་ཅད་མི་རྟག་པའི་འདུ་ཤེས་བརྟན་པོ་ཡོད་པ་དེས་བོད་ནང་རང་ཉིད་བྱིས་པའི་སྐབས་སུ་ལུས་སེམས་ཀྱི་དཀའ་ངལ་རྣམས་ལ་གདོང་ལེན་གྱིས་རང་ཉིད་སྲུང་སྐྱོབ་ཐུབ་ཡོད་པ་དང་དེ་བཞིན་སུད་སིར་སླེབས་རྗེས་ཀྱང་འདུ་ཤེས་དེ་དང་ཡ་མ་བྲལ་བར་གནས་སྟངས་གང་ལའང་ལག་ལེན་འཁེལ་ཐབས་བྱེད་ཀྱི་ཡོད་སྐོར་རྩོམ་པ་པོས་ངོ་སྤྲོད་བྱས་འདུག །

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||