ཉམས་མྱོང་དང་ཤེས་ཡོན་སོགས་ལས་འཇོན་ཐང་ཉིད་གླེང་གཞིར་བཟུང་དགོས།

  རྒྱུ་མཚན་ནི་ཚིག་ཐག་ཆོད་པོས་སྐད་ཆ་བཤད་ཐུབ་ཀྱིན་འདུག  བཀའ་ཁྲིའི་འོས་མི་གཞན་གཉིས་ཀྱིས་གཡས་སྐོར་གཡོན་སྐོར་བྱས་ནས་བསྡད་པ་ལས་ཚིག་ཐག་ཆོད་པོ་མིན་འདུག་ཟེར།  ད་ཕན་བཙན་བྱོལ་སྤྱི་ཚོགས་སུ་བཀའ་ཁྲིའི་སྐོར་བགྲོ་གླེང་རིམ་པ་མང་པོ་བྱས་ཟིན་པས་ཁྱེད་ཀྱིས་བགྲོ་གླེང་དེ་དག་དངོས་སུ་གསན་པ་དང་བརྒྱུད་ལམ་ཁག་ནས་ཐོས་སོན་མ་བྱུང་ངམ། དེ་དག་ཐོས་སོན་བྱུང་ཡོད་ན་བཀའ་ཁྲིའི་འོས་མི་སུས་ཚིག་ཐག་ཆོད་པ་གསུང་མིན་ཤེས་རྟོགས་ཐུབ་ངེས་རེད།  ང་ཚོས་སྤྱི་ཚོགས་ནང་དུ་དེའི་སྐོར་ཀུན་གསལ་རེད།  ཁྱེད་ཀྱིས་མང་ཚོགས་ནང་དུ་དཔྱད་ཞིབ་ཅིག་གནང་དངྲ།  བཀའ་ཁྲིའི་འོས་མི་སུས་ཚིག་ཐག་ཆོད་པོ་གསུང་གནང་གིན་འདུག་ཅེས་བསྔགས་བརྗོད་དང་།  སུས་ཚིག་ཐག་ཆོད་པོ་གསུངས་ཀྱིན་མིན་འདུག་ཅེས་སྐད་ངན་ཤོར་བ་ཤེས་ཐུབ།  འོན་ཀྱང་ང་རང་དངཁྱེད་གཉིས་བཀའ་སྤྱིའི་སྐོར་དཔྱད་ཞིབ་གནང་སྟངས་གཏན་ནས་འདྲ་ཡིན་མིན་འདུག ངས་བཀའ་སྤྱིའི་འོས་མི་སྐོར་ལ་འཇོན་ཐང་ཉིད་དཔྱད་གཞིར་བཟུང་ནས་སྔོན་འགྲོའི་འོས་མི་བདམས་པ་མ་གཏོགས་ཤེས་ཡོན་དང་། ཉམས་མྱོང་སོགས་བཀའ་སྤྱིའི་འོས་ཆོས་སུ་འདོད་ཀྱིན་མེད། མ་འོངས་དངོས་གཞི་ལའང་འཇོན་ཐང་ཉིད་བཀའ་སྤྱིའི་ཁྱད་ཆོས་བཞག་ནས་གདམ་གྱིན་ཡིན།  དེར་བརྟེན་ང་ཚོས་འདས་པ་ཤེས་རྟོགས་ཐུབ་པས་བཀའ་ཁྲིའི་འོས་མི་གསུམ་ལས་གཅིག་ལ་ངས་འདོད་པའི་འཇོན་ཐང་དེ་ཆ་ཚང་འདུག  རྗེས་སུ་དེའི་སྐོར་རིམ་བཞིན་སྤེལ་རྒྱུ་ཡིན།