བསྔགས་བརྗོད་ཞུ།
མཁས་དབང་བློཟང་སེངྒ་མཆོག་གིས་ཧ་ཅང་་དཔྱད་ཞིབ་ཡག་པོ་གནང་སྟེ་མ་འོངས་ལས་འཆར་སྐོར་གསལ་བསྒྲགས་གནང་བར་སྙིང་ཐག་པ་ནས་བསྔགས་བརྗོང་གྲངས་མེད་ཞུ། དེ་བཞིན་འོས་མི་གཞན་གཉིས་ཀྱིས་ཀྱང་སོ་སོའི་ལས་འཆར་སྐོར་གསལ་བསྒྲགས་གནང་བསྐྱང་ཡོང་བ་ཞུ། མཁས་དབང་མཆོག་ནས་གསུང་གནང་བའི་རྩ་དོན་གསུམ་དང་། ལས་འགན་ལྔ། ནུས་པ་བཅུ། གོ་སྐབས་འཇུར་སྟངས་སོགས་ཧ་ཅང་གསལ་བོ་གནང་སོང་བ་མ་ཟད་དབུ་མའི་ལམ་གྱི་སྲིད་ཇུས་ལ་འགྱུར་བ་མེད་པའང་ཤེས་རྟོགས་བྱུང་། འོན་ཏེ་བཀའ་ཁྲིའི་འོས་མི་གཞན་གཉིས་ལས་སྐུ་ངོ་བཀྲིས་དབང་འདུས་ཀྱིས་དབུ་མའི་ལམ་ལ་འགྱུར་བ་མེད་ལྟ་བུ་འདུག་ཀྱང་རྩ་དོན་གཞན་རྣམས་གང་ཡིན་ད་དུང་གསལ་བོ་མི་འདུག བཀའ་ཁྲི་ཟུར་པ་སྐུ་ངོ་བཀྲས་མཐོང་ལགས་ཀྱིསདབུ་མའི་ལམ་གྱི་སྲིད་ཇུས་ལ་འགྱུར་བ་གཏོང་ངེས་པ་གསལ་བོ་བྱུང་ཡང་རྩ་དོན་གཞན་རྣམས་འདི་ཡིན་འདི་མིན་ད་དུང་ཡང་གསལ་བོ་བྱུང་མ་སོང་བས་ང་ཚོས་རེ་སྐུལ་ཞུ་ཡག་ལ་ཁོང་གཉིས་ཀྱིས་ཀྱང་འདི་ཡིན་འདི་མིན་གྱི་ལས་འཆར་གསལ་བོ་ཞིག་མྱུར་དུ་གསལ་བསྒྲགས་གནང་སྐྱོང་ཡོང་བ་ཞུ།