སྤྱི་འཐུས་ནི་ཧ་ཀྱང་གི་གལ་ཆེ་།
ཤེས་པ་ཞིག་ཡོད་ན་ཕྱོགས་ལྷུང་སྤོངས་སྟེ་བོད་སྤྱི་ལ་ཕན་པ་ཞིག་འདེགས་དགོས། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཁ་མཁས་པ་ཙམ་གྱི་དོན་མི་འགྲུབ། གཟིགས་དང་ལོ་གཅིག་ལ་ཐིང་གཉིས་ཚོགས་འདུ་ཚོགས་ཀྱིན་ཡོད་། ཚོགས་པའི་སྐབས་གློ་བུ་དུ་གང་དྲན་དྲན་བཤད་པ་དང་། དགག་ཕྱོགས་ཀྱང་ཀྱང་མ་གཏོགས་སྒྲུབ་ཕྱོགས་ཅིག་ཀྱང་བཤད་ཡ་མེད་པ། ལ་ནས་དུས་རྒྱུན་དུ་བོད་ཀྱི་གནས་དོན་ལ་ཅི་ཡང་བསམ་བློ་མི་བཏང་པ་མ་ཟད་ཚོགས་འདུ་ཐེང་གཉིས་ལ་མ་ཡོང་པ་དེ་འདྲ་ཡང་འདུག། དཔེར་ན་མདོ་སྟོད་སྤྱི་འཐུས་རྡོ་རྗེ་དབང་འདུས་སོགས་དང་། ་ཚོགས་འདུ་ལ་ཡོངས་ཀྱང་ཚིག་ཅིག་མ་བཤད་པ་སྤམས་མདོགས་བྱས་ནས་སྡེབ་པ། ་ དམངས་ཀྱི་བསམ་ཚུལ་ཇི་ཡིན་ལྟ་མི་ཤེས་པའི་ཐོག་ནས་རང་ལྟ་མཆོག་འཛིན་རང་ཤས་ཅན། ལེགས་ཆ་ལེན་མི་ཤེས་ཉེས་ཆ་བཀག་མི་ཤེས་པ་ཁྲེགས་བཟུང་ཅན་དེ་ཚོ་ངེས་པ་དུ་རྒྱབ་སྐྱོར་མ་གནང་རོག། དངོས་གཞི་སྐབས་ དུས་རྒྱུན་དུ་ཁྱབ་སྲིད་ལ་དག་སྣང་ཡོད་པ། ཉི་མ་རེ་བོད་ཀྱི་བསྟན་པ་ཆ་སྲིད་ལ་ལེགས་སྤེལ་ཉེས་འགོག་གི་ཚོར་སྣང་ཡོད་པ། འཇོན་ཐང་ཅན། མི་མང་གི་བདེ་སྡུག་བཤད་ཐུབ་མཁས། གཞུང་གི་འགྲོ་སྟངས་ཤེས་མཁས། དེ་དག་ལ་རྩིས་བཀུར་བྱེད་པ། མདོ་ན་ ༸གོང་ས་མཆོག་གི་བཀའ་དགོངས་ཇི་ལྟར་བ་བཞིན་དུ་ཤར་བཤེགས་བྱེད་མཁས་ཤིས་དགོས་བསམ། ཚིག་ནོར་ཡོད་ངེས་པས་དགོངས་དག་ཞུ།།