དེ་ཡང་ཉིན་དང་པོར་རིན་པོ་ཆེས་“བར་ལམ་སྤྱི་ཚོགས་ནང་ཁོང་ཉིད་དོལ་རྒྱལ་དང་འབྲེལ་བ་ཡོད་སྐོར་གྱི་དཀྲོག་གཏམ་སྤེལ་ཡོད་པ་དང་། དོན་དངོས་རང་ཉིད་ཀྱིས་འདས་པའི་ལོ་རྒྱུས་ནང་དོལ་རྒྱལ་བསྟེན་གསོལ་གཏན་ནས་བྱེད་མ་མྱོང་ལ། བྱེད་དགོས་པ་ཡང་མེད། གང་ཡིན་ཟེར་ན། འབྲས་སྤུངས་པའི་ཐུན་མོང་མ་ཡིན་པའི་སྲུང་མ་དམར་ནག་གཉིས་དང་ཨ་ཕྱི་མ་གཏོགས་གང་ཡང་བསྟེན་དགོས་པ་མེད་”ཅེས་དང་། གཞན་ཡང་“ངས་ངོས་ནས་༧གོང་ས་མཆོག་གིས་བཀའ་གནང་བ་ལྟར་དོལ་རྒྱལ་དེ་ཉིད་སྨོན་ལམ་ལོག་པའི་དམ་སྲི་ཡིན་པར་སྔར་ནས་ངེས་པ་རྙེད་ཟིན་ལ། ངས་དུས་རྒྱུན་དུ་མི་མང་ལ་ཚེ་དབང་གཅིག་མ་གཏོགས་མ་སྐུར་ཡང་ ༸གོང་ས་མཆོག་གི་བཀའ་དགོངས་ལ་བརྩི་སྲུང་དང་ལེན་བྱེད་དགོས་སྐོར་ཤོད་ཀྱི་ཡོད། དེ་ག་ནང་བཞིན་༢༠༠༨ ལོ་ནས་བཟུང་འབྲས་སྤུངས་བློ་གསལ་གླིང་གི་གྲྭ་མང་ཡོངས་ཀྱི་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་དག་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་པའི་གནའ་སྐྱེལ་དམ་བཅའ་བྱས་ཟིན་པ་རེད། དེའི་སྐབས་ངས་ཀྱང་མནའ་སྐྱེལ་དམ་འབུལ་ཞུས་པ་རེད། དེ་རིང་དབང་གནང་སར་ཡང་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་དང་དོལ་རྒྱལ་ཕྱོགས་སུ་ལངས་མཁན་སུ་ཡང་ཡོང་མི་ཆོག་”ཅེས་གསུངས་ཡོད་པ་རེད།
ཉིན་གསུམ་རིང་བཀའ་དབང་དངོས་གཞི་གནང་ཡོད་པ་དང། ཉིན་ཐ་མའི་དབང་གི་མཇུག་ཏུ་རིན་པོ་ཆེས། སློབ་གཉེར་དང་གྲྭ་ཚང་གི་ཁྲིམས་དང་སྒྲིག་ལམ་སོགས་ལ་བརྩི་སྲུང་དགོས་པ་དང་། ལྷག་པར་དུ་དེ་རིང་གོ་སྐབས་འདིས་བརྒྱུད་ནས་༧གོང་ས་མཆོག་གི་བཀའ་དགོངས་ཚུལ་བཞིན་དུ་བསྒྲུབ་དགོས་སྐོར་སོགས་ཀྱི་ཐད་ལམ་སྟོན་གསུངས་བཤད་གནང་སོང་།
དེ་ཡང་ཐེངས་འདིའི་བཀའ་དབང་གནང་སར་ཤར་པ་ཆོས་རྗེ་གཙོས་པའི་དགའ་འབྲས་གཉིས་ཀྱི་མཁན་ལས་ཟུར་རྣམ་པ་དང་།བླ་སྤྲུལ་དགེ་བཤེས་རྣམ་པ། དེ་བཞིན་གྲྭ་མང་བཅས་ཁྱོན་ཆོས་ཞུ་བ་སེར་སྐྱ་ཉིས་སྟོང་ལྷག་ཕེབས་ཡོད་པ་རེད།
མོན་གྷོ་གསར་འགོད་པས།{jcomments on}
ལྡན་མ་བློ་ཆོས་རིན་པོ་ཆེའི་བཀའ་དབང་།
ཟླ་འདི་ཚེས་༡༥ ནས་ཉིན་གསུམ་རིང་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་གོ་སྒྲིག་འོག བློ་གླིང་གཙུག་ལག་ཁང་གསར་པའི་ནང་ལྡན་མ་བློ་ཆོས་རིན་པོ་ཆེས་ལྷ་མོའི་བཀའ་ཆེན་ཉེར་གཅིག་མའི་བཀའ་དབང་བསྩལ་ཡོད་པ་རེད།
དེ་ཡང་ཉིན་དང་པོར་རིན་པོ་ཆེས་“བར་ལམ་སྤྱི་ཚོགས་ནང་ཁོང་ཉིད་དོལ་རྒྱལ་དང་འབྲེལ་བ་ཡོད་སྐོར་གྱི་དཀྲོག་གཏམ་སྤེལ་ཡོད་པ་དང་། དོན་དངོས་རང་ཉིད་ཀྱིས་འདས་པའི་ལོ་རྒྱུས་ནང་དོལ་རྒྱལ་བསྟེན་གསོལ་གཏན་ནས་བྱེད་མ་མྱོང་ལ། བྱེད་དགོས་པ་ཡང་མེད། གང་ཡིན་ཟེར་ན། འབྲས་སྤུངས་པའི་ཐུན་མོང་མ་ཡིན་པའི་སྲུང་མ་དམར་ནག་གཉིས་དང་ཨ་ཕྱི་མ་གཏོགས་གང་ཡང་བསྟེན་དགོས་པ་མེད་”ཅེས་དང་། གཞན་ཡང་“ངས་ངོས་ནས་༧གོང་ས་མཆོག་གིས་བཀའ་གནང་བ་ལྟར་དོལ་རྒྱལ་དེ་ཉིད་སྨོན་ལམ་ལོག་པའི་དམ་སྲི་ཡིན་པར་སྔར་ནས་ངེས་པ་རྙེད་ཟིན་ལ། ངས་དུས་རྒྱུན་དུ་མི་མང་ལ་ཚེ་དབང་གཅིག་མ་གཏོགས་མ་སྐུར་ཡང་ ༸གོང་ས་མཆོག་གི་བཀའ་དགོངས་ལ་བརྩི་སྲུང་དང་ལེན་བྱེད་དགོས་སྐོར་ཤོད་ཀྱི་ཡོད། དེ་ག་ནང་བཞིན་༢༠༠༨ ལོ་ནས་བཟུང་འབྲས་སྤུངས་བློ་གསལ་གླིང་གི་གྲྭ་མང་ཡོངས་ཀྱི་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་དག་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་པའི་གནའ་སྐྱེལ་དམ་བཅའ་བྱས་ཟིན་པ་ཡིན། དེ་རིང་དབང་གནང་སར་ཡང་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་དང་དོལ་རྒྱལ་ཕྱོགས་སུ་ལངས་མཁན་སུ་ཡང་ཡོང་མི་ཆོག་”ཅེས་གསུངས་ཡོད་པ་རེད།
ཉིན་གསུམ་རིང་བཀའ་དབང་དངོས་གཞི་གནང་ཡོད་པ་དང། ཉིན་ཐ་མའི་དབང་གི་མཇུག་ཏུ་རིན་པོ་ཆེས། སློབ་གཉེར་དང་གྲྭ་ཚང་གི་ཁྲིམས་དང་སྒྲིག་ལམ་སོགས་ལ་བརྩི་སྲུང་དགོས་པ་དང་། ལྷག་པར་དུ་དེ་རིང་གོ་སྐབས་འདིས་བརྒྱུད་ནས་༧གོང་ས་མཆོག་གི་བཀའ་དགོངས་ཚུལ་བཞིན་དུ་བསྒྲུབ་དགོས་སྐོར་སོགས་ཀྱི་ཐད་ལམ་སྟོན་གསུངས་བཤད་གནང་སོང་།
དེ་ཡང་ཐེངས་འདིའི་བཀའ་དབང་གནང་སར་ཤར་པ་ཆོས་རྗེ་གཙོས་པའི་དགའ་འབྲས་གཉིས་ཀྱི་མཁན་ལས་ཟུར་རྣམ་པ་དང་།བླ་སྤྲུལ་དགེ་བཤེས་རྣམ་པ། དེ་བཞིན་གྲྭ་མང་བཅས་ཁྱོན་ཆོས་ཞུ་བ་སེར་སྐྱ་ཉིས་སྟོང་ལྷག་ཕེབས་ཡོད་པ་རེད།
མོན་གྷོ་གསར་འགོད་པས།