གྲོགས་ཀྱི་འགྱུར་ལྡོག།
མི་ལ་ལའི་ཟེར་ན་ཨ་རི་སླེབས་དུས་ལས་ཀ་བྲེལ་བའི་རྐྱེན་པས་གྲོགས་པོ་ཕན་ཚུན་བཀའ་མོལ་བྱེད་ལོང་ཀྱང་མེད་ཟེར་ལ་གནས་དེར་སླེབབས་ན་ངོ་མ་བོད་པའི་རང་གཤིས་ཀྱང་འགྱུར་ཟེར་བ་ཞིག་ལས་རྒྱ་གར་ནང་དེ་ལྟར་ཞིག་ཡིན་པ་གཏན་ནས་ངོས་འཛིན་བྱེད་ཀྱིན་མེད།འོན་ཀྱང་བདག་ཁ་སེང་དགོང་ཀ་སློབ་གྲྭ་ནས་གླ་འཁོར་ཞིག་ནང་ཡར་མེག་ལོར་ཁང་པ་ནང་སོང་བ་ཡིན།
དེར་བདག་གླ་འཁོར་ནས་མར་བབས་དུས་ཁང་པ་ནི་སྒོ་ལྕགས་རྒྱབ་འདུག་ངའི་གྲོགས་པོ་ཞིག་དེ་སྔོན་ངའི་ཁང་པ་ནང་བཞག་པ་མ་ཟད་ཁོང་ནི་ང་ཡི་གྲོགས་པོ་ལེགས་པོ་ཤིག་གི་འདུ་ཤེས་འཛིན་བཞིན་ཡོད་མོད་འོན་ཀྱང་ཁོང་ཡང་ལས་གནས་ཤིག་རག་ནས་རྡ་ས་འགྲོན་ཁང་ག་གེ་མོ་ཞིག་ནང་ལས་གནས་གཉེར་བཞིན་ཡོད་ཟེར་།
དགོང་དྲོ་བདག་གི་ཁོང་ལ་ཁ་པར་ཞིག་རྒྱབ་ནས་ངའི་རྐང་ཆག་པས་གནས་སྟངས་རྣམས་བཤད་ཀྱང་ཁོང་གིས་ང་ནི་ལས་བྲེལ་ཆེ་བས་ཡོང་ཁོམ་མེད་ཟེར་ནས་སླེབས་མ་བྱུང་དེའི་དགོང་དྲོ་བདག་ཁ་ལག་ཀྱང་མ་རགས་པར་ཉལ་ས་ནང་ཁེ་རྐྱང་གི་འཚོལ་བ་ཞིག་རོལ་འགོ་ཚུགས་སྐབས་དེར་ལག་འཁྱེར་གློག་ཀླད་དང་ང་གཉིས་ལས་གཞན་སུ་ཡང་མེད།
དེ་ཕྱི་ཉིན་ནས་བདག་གི་ཕ་ཡུལ་གཅིག་པའི་ཨ་ནེ་ཞིག་དང་ངའི་ཁྱིམ་ཚེས་བཟའ་ཆང་ཞིག་ཡོད་པ་ཁོང་རྣམས་པའི་ཁ་ལག་དང་ཇ་སོགས་སྤྲད་པ་དང་བདག་གི་སྤུན་མཆེད་ཞིག་ཡོད་ལ་ཁོང་ཡང་སླེབས་ནས་ང་ལ་དཀའ་ངལ་་སོགས་གལ་མེད་ཀྱང་ནམ་རྒྱུན་རྡ་ས་ལ་བདག་ལ་གྲོགས་པོ་མང་པོ་ཡོད་པ་ཁོང་ཚོ་ཡང་ཕལ་ཆེར་རླགས་ཟིན་པ་འདྲ་གང་ལྟར་ང་སར་གཏན་ནས་སླེབས་མ་བྱུང་ལྷག་པར་ངའི་དེ་སྔོན་ལེགས་པོ་བྱས་སའི་གྲོགས་པོ་འགའ་ཡོད་པ་ཁོང་ཚོ་ཡང་ངོ་མ་ལས་བྲེལ་ཆེ་སོང་བ་ཡིན་ནམ་ང་རྐང་ཆག་ནས་ཐུགས་འདོད་མེད་པ་སོགས་གང་ཡིན་ངས་གཏན་ནས་མི་ཤེས་ཀྱང་ང་འདིར་སླེབས་ནས་ཉིན་གསུམ་བཞི་ཙམ་སོང་བ་ཁོང་ཚོས་ངའི་གནས་སྟངས་སོགས་ཤེས་ཀྱང་ང་སར་ད་བར་བསླེབ་མ་བྱུང་།
