མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གི་གསུང་རྩོམ་ཁག

བྱམས་དང་སྙིང་རྗེའི་མཛད་པས་འཚེ་མེད་བདེ་སྟེར་གྱི་མི་ཚེའི་འཚོ་བ་རོལ་སྟངས། གཏན་གྱི་སྐྱབས་གནས་རྣམ་གསུམ་ལ་བློ་ཕུགས་གཏད་དེ་འདི་ཕྱི་གཉིས་སྐྱིད་འོང་ཐབས། ཆོག་ཤེས་དང་ངེས་འབྱུང་གི་བསམ་པས་ནོར་ལ་སྙིང་པོ་ལེན་ཚུལ། འཕྲོད་བསྟེན་གཙང་སྦྲ་བཟང་པོས་ལུས་ཁམས་བདེ་ཐང་ཡོང་ཚུལ། མཁས་མཁས་རིག་རིག་གི་བློ་རྩེ་ནང་དུ་བསྐོར་ཏེ་སེམས་ཀྱི་བདེ་བ་རྙེད་ཐབས། ཕར་ཕྱིན་དྲུག་གི་ཉམས་ལེན་སོགས་དེང་རབས་མིའི་བསམ་བློའི་ཁོར་ཡུག་ཆུང་ངུ་རུ་ཆུད་པའི་སྡོམ་ཚིག  གཞུང་ཆེན་ཁག་གི་དཀའ་གནད་ལ་དཔྱད་པ་སོགས་གསུང་རྩོམ་རྣམ་གྲངས་༥༨ ཙམ་འཁོད་ཡོད་པ་རེད།

གསུང་རྩོམ་དེ་དག་འདི་ག་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་བརྒྱུད་ནས་རིན་མེད་ཐོག་འགྲེམས་སྤེལ་ཞུ་བཞིན་ཡོད་ན། ཐུགས་མཁོ་མཆིས་རིགས་ནས་འདི་གར་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ་རྒྱུ་དང། གལ་སྲིད་སྦྲག་བརྒྱུད་ནས་གཏོང་དགོས་རིགས་ཀྱིས་སྦྲག་གླ་དོ་བདག་སོ་སོ་ནས་གནང་དགོས་པ་བཅས་དེ་ལུགས་དགོངས་འཇགས་ཡོང་བ་ཞུ་བཞིན་ཡོད།

ཅེས་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འགན་འཛིན་དང། བོད་ཀྱི་བང་ཆེན་གྱི་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ཀྱིས་སྤེལ།

ཡིག་ཚང་ཁ་པར། 01892-229302/226175

ལག་འཛིན། 98161 78505/94181 22118

tsultrimserta@hotmail.com