དཔལ་ས་སྐྱ་༸གོང་མ་བདག་ཁྲི་རིན་པོ་ཆེས་ལོ་གསར་ལ་འཚམས་འདྲི།
ང་རང་ཚོའི་བོད་ལྕགས་མོ་ཡོས་ཀྱི་གནམ་ལོ་གསར་དུ་བཞད་ལ་ཉེ་བའི་ཡིན་ཙམ་རླུང་ཕྲིན་འདིའི་རྒྱུད་ནས་ གཞིས་བྱེས་གཉིས་སུ་བཞུགས་པའི་རང་རེའི་སྤུན་ཟླ་སེར་སྐྱ་མཆོག་དམན་ཚང་མ་ལ་འཚམས་འདྲི་བཀྲིས་བདེ་ ལེགས་ཞུ་བ་དང་། ཆབས་གཅིག་ཏུ་འདས་པའི་ལོ་འདིའི་ནང་སྤྱི་འཛམ་བུ་གླིང་ཚང་མ་དང་ལྷག་པར་དུ་ང་ རང་ཚོ་བོད་གངས་ཅན་གྱི་ལྗོངས་ལ་མི་འདོད་པའི་ས་ཡོམ་རེད་ཆུ་ལོག་རེད་དེ་འདྲ་གང་ལྟར་མི་འདོད་པའི་རྐྱེན་ངན་མང་པོ་ཞིག་བྱུང་པ་རེད། དེ་འདྲའི་ཡིན་ཙམ་ལོ་གསར་པ་ནང་ལ་དེ་འདྲའི་མི་འདོད་པའི་རིགས་མཐའ་ དག་ཉེ་བ་ཞི་ཞིང་མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་ཡ་ཆེད་མཆོག་གསུམ་རྒྱལ་བ་རྒྱལ་མཚོ་ལ་ཐུགས་རྗེ་སྐུལ་བ་དང་ཆབས་གཅིག་ཏུ་སྨོན་མལ་ཞུ་གིན་ཡོད། རྩ་བའི་སྨོན་ལམ་རྒྱབ་ཡ་ཟེར་བ་དེ་ཞེ་དྲག་གི་གལ་ཆེན་པོ་རེད་དེ། ཡིན་ནའང་གལ་ཆེ་ཤོས་དེ་སོ་ སོས་བདེ་སྐྱིད་ལེགས་ཚོགས་ཡོང་ཡའི་རྒྱུ་སྒྲུབ་དགོས་པ་རེད། རྒྱུ་མེད་པ་ལ་བརྟེན་ནས་འབྲས་བུ་བདེ་སྐྱིད་ཕུན་ སུམ་ཚོགས་པ་ཡོང་ཐུབ་ཡ་ཡོད་མ་རེད། དེ་འདྲའི་ཡིན་ཙམ་ང་རང་ཚོ་ནང་པ་སངས་རྒྱས་པའི་གཞུང་ལ་། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། གསུང་པ་ལྟར་འཇིག་རྟེན་གྱི་ཁམས་འདི་ལ་བདེ་སྡུག་གི་གནས་ཚུལ་མང་ པོ་ཞིག་ཡོང་གིན་ཡོད་པ་དེ་ཚང་མ་ལ་གཙོ་བོ་རྐྱེན་དེ་གང་ཡང་ཡོང་སྲིད་པ་རེད་དེ་ཡིན་ནའང་གཙོ་བོ་རང་རང་སོ་སོས་ལས་དགེ་སྡིག་བསགས་པ་ལ་བརྟེན་ནས་འབྲས་བུ་བདེ་བ་དང་སྡུག་བསྔལ་དེ་འདྲའི་བྱུང་པ་རེད། དེ་འདྲའི་ཡིན་ཙམ་མི་འདོད་པའི་རྒྱུ་ཉོན་མོངས་པ་དུག་གསུམ་གྱི་ཀུན་ནས་སློང་པས་ལུས་ངག་ཡིད་གསུམ་གྱི་ མི་དགེ་བའི་ལས་ལ་བརྟེན་ནས་མི་འདོད་པའི་རིགས་མཐའ་དག་ཡོང་གིན་ཡོད་རེད། དེ་བཞིན་དགེ་བའི་ལས་ ལ་བརྟེན་ནས་འབྲས་བུ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་གིན་ཡོད་རེད། བྱས་ཙམ་ཚང་མས་ལོ་གསར་པ་ འདིའི་ནང་ལ་མི་འདོད་པའི་སྡུག་སྔལ་གྱི་རྒྱུ་དུག་གསུམ་གྱི་ཀུན་ནས་སློང་བའི་མི་དགེ་བའི་ལས་ཕྲ་ཞིང་ཕྲ་བ་ ཡིན་ནའང་གང་ཐུབ་ཐུབ་ཀྱི་སྤང་བ་དང་དགེ་བའི་ལས་ཆེ་ཆུང་གང་འདྲ་ཞིག་ཡིན་ནའང་གང་ཐུབ་ཀྱིས་སྒྲུབ་ཡ་བྱེད་ཐུབ་པ་ཡིན་ན་སྨོན་ལམ་རྒྱབ་མིན་ལ་མ་ལྟོས་པའི་བདེ་སྐྱིད་ལེགས་ཚོགས་ཀྱི་རྩ་བ་ཚུགས་པ་ཀྱིས་དང་བདེ་ སྐྱིད་ལེགས་ཚོགས་མཐའ་དག་སྒོ་ཀུན་ནས་རྒྱས་ཡ་ཞིག་རང་གི་ངང་གི་ཡོང་གི་ཡོད་རེད། དེ་དོན་ཚང་མའི་བློས་ཆ་ཤས་སུ་ལྟ་གནང་ཐུབ་པ་གནང་རོགས་གནོངས། ཐུགས་རྗེ་ཆེ། བཀྲིས་བདེ་ལེགས། ཤེས་གསུང་འདུག