《གཡོ་འཁྱོམ》(༡༠༡༡་༣་༡༡་ལ། ཇར་པན་གྱི་མཚོ་འཁྱོམ་ས་ཡོམ་ཆེན་མོར་ཕུལ)
ཀུན་ཏུ་རབ་ཏུ་འགུལ།
གཡོ།
རབ་ཏུ་གཡོ།
ཀུན་ཏུ་རབ་ཏུ་གཡོ།
ལྡེག
རབ་ཏུ་ལྡེག
ཀུན་ཏུ་རབ་ཏུ་ལྡེག
འཁྲུག
རབ་ཏུ་འཁྲུག
ཀུན་ཏུ་རབ་ཏུ་འཁྲུག
འུར།
རབ་ཏུ་འུར།
ཀུན་ཏུ་རབ་ཏུ་འུར།
ཆེམ།
རབ་ཏུ་ཆེམ།
ཀུན་ཏུ་རབ་ཏུ་ཆེམ།
འཐོར།
རབ་ཏུ་འཐོར།
ཀུན་ཏུ་་་
རབ་ཏུ་་་་
ཡོངས་སུ་འཐོར།
གཡོ་འཁྱོམ་དེའི་སྐབས།
ཤིང་ལོ་བཞིན།
བག་ཀྱིས་གཡོས།
དྲག་ཏུ་འཁྱོམ།
ཐོར་གྱིས་འཐོར།
ཁད་ཀྱིས་འགྱེལ།
དངོས་པོ་ལ་དངོས་པོའི་ལྗིད་ཚད་ཡེ་ནས་དབེན།
རིལ་མ་བཞིན་གཡེངས།
ཉ་ཆུང་བཞིན་འཕྱོ།
ཤོག་སྐྱ་བཞིན་འགྲིལ།
ཚེ་སྲོག
ཉམ་ཆུང་།
ཡ་ང་།
ཀྱེ་ཧུད།
ཁར་རྕང་གི་ཧི་རོ་ཤི་མ།
དེ་རིང་གི་ཊོཀྱོ།
ཡང་ན་
སང་ཉིན་གྱི་《༢༠༡༢》
མཐོང་མི་འདོད་པའི་གཏམ་རྒྱུད་ཅིག་བསྐྱར་དུ་བཀླགས་པ་བཞིན།
འདམ་རུད་དང་རླབས་ལོག་གི་སྟེབས་སུ་ཤོར་བའི་ང་མང་པོ།
གང་ཞིག་ནས་གང་ཞིག་ཏུ་བཞུད།
དེ་རིང་གི་མཐོངས་སུ།
ཉི་འོད་ཡེ་ནས་མེད།
འོ། ཨོྂ་མ་ཎི་པདྨེ་ཧཱུྂ།
སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། ཕྱི་མ་བདེ་བ་ཅན་ཏུ་སྐྱེ་བར་བྱིན་གྱིས་རློབས།།
