འགྱོད་པ་མེད་པའི་བརྩེ་དུང།
མི་ཚེའི་ནང་སྡུག་ངལ་མང་བའི་རྐྱེན་གྱིས་ཕ་རོལ་པོར་གཅེས་པར་འཛིན་དགོས་པ་ལས་སྡུག་ངལ་ལ་གཡོལ་ཐབས་ཁོ་ནས་སེམས་ཀྱི་རྨ་ཁ་སོས་ཐབས་མེད།གནས་སྟངས་དེས་སེམས་ལ་རྨ་ཁ་བཟོ་མི་སྲིད་པའང་མ་རེད།ཁྱོད་ཀྱིས་སྔོན་བྱུང་གི་དུས་དེ་མཐའ་མཇུག་གི་གྱེས་བྲལ་ཡིན་ཟེར་གྱི་ཡོད་ཀྱང།ཕ་རོལ་པོས་དེ་ནི་ཁོ་ལ་མཚོན་ན་རང་སེམས་ལ་རྨ་ཁ་ཆེན་པོ་ཞིག་བཟོས་པའི་རྒྱུ་རྐྱེན་ལ་ངོས་འཛིན་བྱེད་ཀྱི་ཡོད།དེ་འདྲ་ཡིན་པའི་རྐྱེན་གྱིས་ཁྱོད་ཀྱིས་ཁོ་ལ་འཁང་རའང་བྱ་སྲིད་པ་རེད།
མཚན་གཅིག་རང་གི་ཁ་བརྡ་ལས་མ་བྱུང་ཡང་ཁྱོད་ཀྱིས་སོ་སོ་ད་དུང་ཡང་ཁོ་ལ་དགའ་བཞིན་པར་ཤེས་ཡོད་ལ།རང་སེམས་སྐྱོ་གདུང་ནང་གཡུག་པ་དེ་ནི་ཁྱོད་ཀྱིས་ཁོ་ལ་ཇི་ལྟར་དགའ་དགོས་མིན་མ་ཤེས་པའི་རྐྱེན་གྱིས་རེད།གང་ཡིན་ཟེར་ན་དེའང་ཁྱོད་ཀྱིས་ཁོ་ལ་སྡུག་བསྔལ་སྤྲད་པར་ངོས་འཛིན་བྱས་པས་ཡིན།ཕ་རོལ་པོར་ཇི་ལྟར་དགའ་དགོས་མིན་མི་ཤེས་པའི་རྐྱེན་གྱིས་གཞན་གྱི་སེམས་ལ་རྨ་ཁ་བཟོ་སྲིད་པ་རེད།ཡང་ན་ང་ཚོས་སེམས་གཏིང་ནས་ཕ་རོལ་པོར་སེམས་འཁུར་བྱས་མེད་པའང་སྲིད།གནས་ཚུལ་འགའ་ཤས་ནི་མཛེས་སྡུག་གི་མཇུག་འབྲས་ཙམ་ལས་ཡོངས་རྫོགས་སྟོང་པ་རེད་ཅེས་མི་བཤད་ཁག་མེད་ཀྱང་ཡོང་སྲིད་པ་རེད།ཁ་གྱེས་པ་ནི་ཁྱོད་གཉིས་ཀྱི་མཇུག་འབྲས་མཐའ་མ་དེ་མ་རེད་ལ།རང་སེམས་ནས་འཐུས་ཚང་གི་མཇུག་འབྲས་ཤིག་མ་བྱུང་བས་ཡིན།དེ་ནི་རྨ་ཁ་ཉུང་ཉུང་ཞིག་གི་གོ་རིམ་བརྒྱུད་པ་ཙམ་ལས་དང་གཙང་གི་བརྩེ་དུང་ཤེས་པས་མ་རེད།
བརྩེ་དུང་གི་མཇུག་འབྲས་ནི་བདེ་སྐྱིད་ཁོ་ནར་མ་ཡིན་ལ།ཧུར་བརྩོན་ངང་ནས་སོ་སོར་འགྱོད་པ་མེད་པ་ཞིག་འབྱུང་ན་དེ་ནི་དངོས་གནས་འཐུས་ཚང་ཞིག་ཀྱང་ཡིན་སྲིད།་འོ་ན་བརྩེ་དུང་ལ་མཇུག་འབྲས་མེད་པ་རེད་དམ།་ཡང་ན་མཇུག་འབྲས་དེ་ཤེས་དཀའ་ཞིང་རེ་བ་མེད་པ་ཞིག་རེད་དམ།་ཡང་ན་ཤེས་རྟོག་མི་ཕོད་པ་ཞིག་རེད།
ཡང་ན་བརྩེ་དུང་ལའང་སྡུག་ངལ་ལྡན་པའི་རྐྱེན་གྱིས་རེད་དམ་༌༌༌༌༌༌༌ཧུར་བརྩོན་བྱས་པའི་བྱ་བ་ཡོངས་རྫོགས་ལ་གྲུབ་འབྲས་ཐོན་སྲིད་མིན་གང་ལྟར་ཡང།རྨ་ཁ་ལྡན་པའི་གནས་སྟངས་ལ་ང་ཚོས་སྔར་བས་བཟང་པོས་མཇུག་སྐྱོང་དགོས་པ་ལས་བློས་གཏོང་བྱེད་རྒྱུའམ་བྱེད་ཕོད་མིན་གྱི་གནས་ཚུལ་ཞིག་མ་རེད།དེ་ནི་ཕན་ཚུན་བརྩེ་བ་ཡོད་པའི་རྐྱེན་གྱིས་ཡིན་སྟབས་གཞན་ཚོས་ལྟ་སྟངས་སོགས་གནས་དོན་ལ་དོ་སྣང་ཧ་ཅང་ཆེན་པོ་དེ་འདྲ་དགོས་དོན་མེད།
བརྩེ་དུང་གི་ལམ་བུ་ནི་ཧ་ཅང་གྱ་གྱུར་ཅན་ཞིག་ཡིན་པས།ཕན་ཚུན་བཟང་པོའི་སྒོ་ནས་བརྩེ་དུང་མ་སྤྲོད་པ་གང་ཡིན་ནམ།་བརྩེ་དུང་གི་ལམ་བུ་རིང་པོའི་ནང་སྐྱོ་བའི་རྒྱུ་རྐྱེན་ཉུང་ཙམ་ནི་ལོས་ཀྱང་ཡོང་སྲིད།གལ་ཏེ་ཕ་རོལ་པོའི་ཆེད་དུ་བློས་གཏོང་མང་ཙམ་ཤེས་པ་ཡིན་ན།་བརྩེ་དུང་ཆེད་དུ་ངལ་དུབ་དགོས་དོན་ཡོད་པ་མ་རེད།སྡུང་ངལ་དེ་འདྲའི་གོ་རིམ་བརྒྱུད་དགོས་པར་བརྟེན་ནས་དང་གཙང་གི་བརྩེ་དུང་ཐོབ་ཐབས་དཀའ་བའི་གནས་སྟངས་ནི་སུས་ཀྱང་ཤེས་ཀྱི་ཡོད་།དེ་ལ་བཟང་པོས་སྒོ་ནས་གཅེས་སྐྱོང་བྱ་དགོས།སྒེར་གྱི་སེམས་གཏིང་གི་སྤོབས་པ་དང་སྙིང་རུས་ལ་བརྟེན་ནས་སླར་འདས་ཟིན་པའི་སྡུག་ངལ་དང་འགྱོད་སེམས་མི་འབྱུང་བ་ཞིག་བྱ་དགོས།དེ་ནི་ཕན་ཚུན་དྲང་པོའི་སྒོ་ནས་མཉམ་འགྲོགས་དང་བརྩེ་དུང་སྤྲད་པ་ཡིན་ན་ཡོང་སྲིད་ལ།དེ་འདྲ་འབྱུང་ན་རང་སེམས་ལ་ཆགས་གྲུམ་ཤོར་མི་དགོས།
ཁོས་བཤད་པའི་སྐད་ཆ་དེ་ཚོ་ང་ཚོས་བྱེད་མ་ཐུབ་པ་མ་རེད་ལ།དེ་ནི་བློ་སེམས་གཏད་ནས་བྱས་མེད་པའི་རྐྱེན་གྱིས་ཁོ་ནས་རེད།་བརྩེ་བ་བཅངས་ཚར་བའི་རྗེས་སུ་སྡུག་ངལ་གང་འདྲ་ཡོད་ཀྱང་བློས་བཏང་བྱེད་པ་ནི་ཅོལ་ཆུང་རེད།གང་ཡིན་ཟེར་ན་བློས་བཏང་བྱེད་པ་དེ་ནི་སྔར་བས་སྔུག་ངལ་གྱི་རྒྱུ་ལས་མ་འདས་།ཐོག་མའི་དུས་སུ་སྡུག་ངལ་ཡིན་ཡང་ཁོ་ནང་བཞིན་བློ་གཏད་བྱེད་མཁན་ཞིག་མེད་པས་མ་ཡིན་ནམ།
ཁྱོད་ཀྱིས་ཁོ་རང་གདམ་ཁ་རྒྱབ་དུས་ནས་བཟུང་སེམས་ལ་འགྱོད་པ་སྐྱེ་དགོས་དོན་མེད།གང་ཡིན་ཟེར་ན་འགྱོད་སེམས་ནི་དུས་བསྟུན་གྱིས་བཤད་ཁག་པོ་ཡིན་ལ།ཟང་ཟིང་གི་འཇིག་རྟེན་ཁམས་ཆེན་མོ་འདིར་བརྩེ་བའི་སྡུག་ངལ་ནི་མི་ཚེའི་དུམ་མཚམས་ཆུང་ཆུང་ཞིག་རེད།ངལ་དུབ་དེ་དག་བློས་བཏང་ཟིན་རྗེས་དཔའ་ངལ་ཆེན་པོས་གནད་དོན་ཡོངས་ལ་ཁ་ཕྱོགས་མ་ཐུབ་པ་གང་ཡིན་ནམ།བརྩེ་དུང་གི་འཇིག་རྟེན་ནང་དུང་བ་ཅན་གྱི་ཕྱོགས་གཉིས་ནས་ཕན་ཚུན་སྲུང་སྐྱོར་བྱེད་བཞིན་ཡོད་པར་བརྟེན།དེ་བས་ལས་སྟབས་བདེའི་སྒོ་ནས་བློས་གཏོང་བྱ་རྒྱུ་མེད།དེའང་བློས་བཏང་ཟིན་རྗེས་སེམས་སྡུག་མེད་པ་ཞིག་མིན་ལ།སྔར་བས་སྡུག་ངལ་ཆེ་བས་ཡིན་པར་ཤེས་དགོས།སྡུག་ངལ་དེ་ཚོ་ནི་ཕན་ཚུན་ཕྱོགས་གཉིས་ཀྱིས་ལེགས་བཅོས་བྱ་ཐབས་ཁོ་ན་ལས་གཞན་ཐབས་ཤེས་ཅིའང་མེད་པ་རེད།
ཁྱོད་ཀྱིས་སེམས་ནང་གི་མི་དེ་བློས་གཏོང་བྱེད་དགོས་དོན་མེད།བརྩེ་བ་ནི་ལས་སྟབས་བདེ་ཞིག་མིན་པར་ཤེས་ན་དེ་བས་གཅེས་སྲུང་དགོས་པ་ལས་སྡུག་ངལ་བྱུང་བ་ཙམ་གྱིས་བློས་གཏོང་བྱ་རྒྱུ་ཞིག་མ་རེད།དེ་འདྲ་བྱས་ན་ཕྱོགས་གཉིས་ཀ་སྔར་བའི་སྡུག་ངལ་ཆེ་བའི་གནས་སུ་ལྷུང་རྒྱུ་ལས་གཞན་གང་ཡང་མིན།
ཐེངས་གཉིས་པའི་བརྩེ་དུང་བཅངས་པའི་གང་ཟག་ཅིག་གིས་ཐེངས་དང་པོ་ལས་སྡུག་ངལ་ཆེ་བར་ཚོར་ཤེས་ཡོད།དེ་ནི་ཁྱོད་ཀྱི་སེམས་ནང་ཐོག་མའི་དུས་ཀྱི་ཁོ་ཡོད་བཞིན་པ་རེད་ལ།དེ་བརྗེད་ཐབས་བྱེད་པ་ནི་གང་འདྲའི་དཀའ་ཚེགས་ཆེ་བའི་བྱ་བ་ཞིག་རེད་ཨང།
མཐར་དང་གཙང་གི་བརྩེ་དུང་དེ་འགྱོད་སེམས་ཀྱི་མཇུག་འབྲས་ཤིག་ལ་བསྒྱུར་མི་ཉེན།གང་ཡིན་ཟེར་ན།རང་ངོས་ནས་བརྩེ་དུང་བཅངས་རྒྱུ་ཐག་ཆོད་ཟིན་པར་བརྟེན།བརྩེ་དུང་གི་ལམ་ཁར་དྲག་ཆར་དང་རླུང་འཚུབ་རེ་འབྱུང་དུས་གཡོལ་ཐབས་དགོས་དོན་མེད།ལས་དོན་གང་འདྲ་ཞིག་བསྒྲུབ་བསམ་ཡང་མདུན་ལམ་ནི་ནམ་ཡང་གྱ་གྱུར་ལྡན་པ་ཞིག་རེད་ལ།མི་ཚེའི་ལམ་སྟབས་བདེ་ཙམ་བགྲོད་ནས་མཇུག་རྫོགས་ཐབས་བྱ་བ་དེ་ནི་མི་ཚེའི་དོན་སྙིང་བོར་ཚར་བ་དང་མཚུངས།བརྩེ་དུང་ཡང་དེ་མཚུངས་རེད།སེམས་ལ་སྡུག་ངལ་བའི་རྐྱེན་གྱིས་བརྩེ་དུང་གཅེས་སྤྲས་དགོས་པ་དང།དུང་བའི་སེམས་ཀྱི་བདེ་དོན་སླར་གསོ་དགོས་པ་ལས།ནམ་ཡང་དོར་ཐབས་ཁོ་ནར་མ་བརྩོན་རོགས།
