སྣིང་གཏམ་དྲོན་མོ།

ལྷག་དོན་དུ་ད་ཐེངས་མདོ་སྟོད་ཆུ་བཞི་སྒང་དྲུག་དབུས་རྒྱུན་ལས་བདེམས་སྒྲུབ་གནང་དགོས་ཀྱི་དུས་ཡིན་སྟབས་བཟབ་བཟབ་གནང་དགོས་པ་ནི་ང་ཚོ་ཁམས་པ་ཚོའི་ལས་འགན་རེད། དེ་བསྔ་ཁམས་པ་རྒན་བཞོན་མེད་པས་དབུས་ཙང་གི་བྱས་མ་སོང་ཟེར་ཏེ་མི་ལ་ཞ་མོ་ནག་པོ་གཡོག་ཀྱང་བྱས་སོང་། ཡིན་ན་ཡན་དབུས་ཙང་གི་མ་བྱས་པ་མ་རེད་དེའི་ནང་ནས་མི་ངན་རེ་ཟུམ་ནས་བྱས་པ་ཞིག་དབུས་ཙང་མི་མང་ལ་ནག་བསྐལ་ན་འགྲིག་པ་ཞིག་མ་རེད། དཔེར་ན་ཟླ་བ་ཚེ་རིང་ལྟ་བུ་ཞིག་ཡིན་ན་བཙན་བྱོལ་བོད་མང་གཙོའི་གཞུང་གི་ཁྲིམས་སྒྲིགས་རྩིས་མེད་གཏོང་བ་དེ་བོད་བཞིས་བྱེས་གཉིས་ཀྱི་ཤེས་ཀྱི་ཡོད་རེད། དེ་ལ་མི་དགའ་མཁན་དབུས་ཙང་མི་མང་ནང་དུ་མང་པོ་ཡོད་པ་རེད། འོན་ཀྱང་གཞུང་ཞབས་ཆེ་དྲགས་ཚོས་དེ་ལ་ལྟ་ཚུལ་ཙམ་མེད་སྟབས་མི་མང་ནས་རྒྱབ་སྐྱོར་ཐོབ་པ་ཞིག་རེད། དཔེར་ན་བཀའ་བློན་ཁྲི་པ་མཁས་དབང་བཟང་གདོང་རིན་པོ་ཆེ་མཆོག་ནི་ཁམས་པ་རེད། གྲོས་ཚོགས་ཀྱི་ཚོགས་གཙོ་སྤན་པ་ཚེ་རིང་ལགས་ནི་ཨ་མདོ་བ་ཞིག་རེད། སྐབས་དེའི་ཁྲིམས་ལུགས་ཀྱི་དབང་འཛིན་པ་གྲྭ་ནང་རྣམ་རྒྱལ་ཚེ་རིང་ལགས་ནི་དབུས་པ་རེད། ཡིན་ན་ཡང་ཁྲིམས་འགལ་སྒྲིགས་འགལ་བྱེད་ཏེ་ཟླ་བ་ཚེ་རིང་ནི་སྟོད་པ་ཞིག་རེད། དེ་ལ་ཆོལ་ཁ་དང་ཆོས་རྒྱུད་ཀྱི་ཐོག་ཏུ་ནག་འགེལ་ན་མ་འགྲིག་པ་རེད་འདུག་ག དེ་དང་དེ་བཞིན་གོང་གི་དབུ་ཁྲིད་རྣམས་ངན་པ་ལག་སྒྲེལ་གྱི་བྱ་ངན་སྤེལ་བ་ལ་སུ་ཀྱང་ཟློག་ཐབས་མེད་པ་ཞིག་རེད་འདུག་ག གང་ཡིན་ཟེར་༸གོང་ས་མཆོག་ནས་ང་རྒྱལ་བ་རིན་པོ་ཡིན་ཟེར་ནས་སྡོད་ས་ཡོད་མ་རེད་ད། མི་སུ་འདྲ་ཞིག་ཡིན་ན་ཁྲིམས་གྱི་དབང་སྒྱུར་འོག་ལ་འགྲོ་དགོས་ཀྱི་རེད་ང་ཡིན་ཡང་ཁྲིམས་ཁང་འདི་ཡི་འོག་ཏུ་འགྲོ་དགོས་ཀྱི་རེད་ཅེས་ཐེངས་མང་གསུང་མྱོང་ཡོད་ཀྱང་ཟླ་བ་ཚེ་རིང་ཅན་ཚོ་ཁྲིམས་ལ་རྩི་བསྐུར་མ་གནང་བ་ཡིན་སྟབས་མི་མང་ནས་ཅི་བྱ་གཏོས་བྲལ་དུ་གྱུར་ཡོད་པ་ཡང་ཤེས་དགོས་ཀྱི་རེད་བསམ་གྱི་ཡོད། གོང་གསལ་གྱི་རྒྱུ་མཚན་དེ་དག་ལ་བརྟེན་ང་ཚོས་ངེས་པ་དུ་ང་ཚོའི་བྱེད་སྟངས་ལ་དོ་སྣང་གནང་དགོས་པ་མཐོང་། རང་ངོ་ལ་གཡག་འགྲོ་བ་མི་མཐོང་མི་ངོ་ལ་ཤིག་འགྲོ་བ་མཐོང་ན་མ་འགྲིག་པ་རེད་ཅེས་བཤད་ཐུབ། ད་དུང་དོན་དང་མཐུན་པའི་ཁ་རྡ་རེ་གནང་འདོད་ན་རྗེས་སུ་ངན་སྨ་དང་ཚིག་བརྩོད་དཔང་ཏེ་ཕེབས་ན་ ལེགས་པོ་འདུག བོད་དོན་བག་ཡོད།