བཅའ་ཁྲིམས་སྐྱར་བཅོས་ནང་འཐིམས་པའི་རེ་བ་མཐའ་མ།

“ལགས་སོ། སྐུ་ངོ་ལགས། ངས་གང་ནུས་ཅི་ནུས་ཤིག་ཤུགས་རྒྱག་གིན་ཡོད། དེས་མ་ཚད་ཁ་སང་ཟིན་བྲིས་ཚོགས་ཆུང་ནང་དུའང་ཡོད་པ་རེད། ངས་གཙོ་འཛིན་གྱི་ཟོལ་འདྲ་བཀའ་ཁྲི་ལས་གཞན་པ་ཞིག་དགོས་པའི་སྐོར་ལ་ནུས་ཤུགས་ཐུབ་ཚད་བཏོན་པ་ཡིན། དེའི་ཐད་ལ་པདྨ་འབྱུང་གནས་ལགས་ཀྱིས་ཀྱང་ཁ་སང་སྔོན་མ་ང་ཚོ་སྐད་ཆ་བྱུང་བ་ལྟར་ནུས་པ་ཕྱུང་སོང་།” དེ་ནི་ཁ་པར་ལེན་མཁན་བུད་མེད་དེས་ལན་དུ་ཕུལ་བའི་སྐད་ཆ་ཞིག་རེད།

“ཡཡཡ། ཁྱོད་ཀྱིས་སྦིལ་འཛིན་དེ་ཚོ་རྩིས་རྒྱག་ཚར་ཡིན་པས། ངས་ཁ་སང་ཁོ་ཚོ་ལ་གང་འགྱོགས་འགྱོགས་ཁྱེད་ཀྱི་སོང་འཛིན་དེ་ཚོ་རྩིས་ཁྲ་ཕུལ་ཨ་ལབ་ཡོད།” མོས་“ ལགས་བྱུང་སོང་། དེའི་ཐད་ནས་ཐུགས་འཕྲལ་གནང་མི་དགོས་ལགས། ཁ་སང་སྔོན་མ་ཚོད་རྩིས་བྱས་པ་ལྟར་མང་པོ་ཞིག་སོང་མི་འདུག  ཁྱབ་བསྒྲགས་ཡིག་ཆ་དེ་ཚོ་བྱས། དེ་ནས་ཡིག་ཆ་བཀྲམས་མཁན་ཡབ་ལགས་དང་། སྐུ་ཞོགས་ལགས་ཁོ་ཚོ་ལ་སོང་བ་སོགས་བསྡོམས་ནས་ཧིན་སྒོར་འབུམ་གསུམ་མ་གཏོགས་སོང་མི་འདུག་ལགས།”

“ཨ་ལེ། ཡཡཡ། ད་སྤོ་ཏོ་དེ་ཚོ་ལ་ལས་དཀའ་ཡོད་པ་མ་རེད། དེ་ཚོ་གོ་ཆོད་ཅིག་ཅང་མ་རེད། འོན་ཀྱང་ཁ་ཤས་ཤིག་གྲོས་ཚོགས་ནང་སླེབས་འདུག་ལབ་པ་ཞིག་ཐོས་སོང་རེད་དམ། དེ་ཚོ་ད་དུང་ཉར་དགོས་ཀི་རེད་ད། དངུལ་ལ་མ་འཛེམ་པ་གནང་དགོས་ཚད་གནང་དང་། ཁྱི་ཞིག་ཡིན་ནའང་ཁ་ལག་མ་སྤྲད་ན་སྐད་རྒྱག་གི་མ་རེད་བ།” མོས་ “ ལགས་སོ། སྐུ་ངོ་། དེ་ཚོ་ལ་སྣང་དོགས་མེད་ལགས། ཁྱི་འགའ་རེས་རྩམ་པ་མི་གཟའ་འདོག་འདོག་བྱེད་རེད་བ། འོན་ཀྱང་ཤ་དང་ཐུག་དུས་ཤི་གྲབས་བྱེད་པ་ནང་བཞིན་རེད།” ཧཧཧ།

“ཡཡཡ། ཁྱོད་ལ་ཐབས་བྱུས་ཡག་པོ་ཡོད། ད་རེས་གཙོ་འཛིན་ནམ། སྲིད་སྐྱོང་གི་མི་སྣ་ཞིག་ཡོང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་འདྲ་ཞིག་བྱུང་བ་ཡིན་ན། དཔེར་ན་ང་འདྲ་བོ་ལ་མཚོན་པ་ཡིན་ན། ངས་བོད་ཕྱི་ནང་གཉིས་ན་ཡོད་པའི་དབུས་གཙང་མི་མང་དེའི་སྣེ་ཁྲིད་ཐུབ་ཐུབ་རེད་བ། དེས་མ་ཚད་ང་ཚོའི་བུ་མོ་དང་བུའི་ལས་དཀའ་འདིར་བོད་ཀྱི་གཞོན་མང་པོས་དགའ་མོས་བྱེད་ཀྱི་ཡོད་པ་རེད། ཨོ་རེད། ང་ཚོའི་བུ་ཕྲུག་ལགས་ག་རེ་རེད་འདུག”

“བུ་ལགས་རག་འཇག་རེད་འདུག་ལགས། ཁོང་སྣང་འདོག་ཡོད་མ་རེད། གང་ཡིན་ཟེར་ན་འོས་ཀྱི་ཡོང་ཁུངས་ང་ཚོའི་གྲྭ་ཚང་རྣམ་པ་རེད་བ་ལགས། གྲྭ་ཚང་རྣམ་པ་ནི་ང་ཚོའི་ཚེ་འདིའི་མཆོད་ས་དང་། ཕྱི་མ་འདྲེན་མཁན་རེད་ལགས།” ཁོང་གིས་ “ཧཧཧ། ད་ཁྱོད་ལ་བྱུས་ཡོད་པ་མ་ཟད། ཆོས་ཀྱི་གོ་རྟོགས་ཀྱང་ཡག་པོ་འདུག་ག  ང་ཚོས་སྔོན་མ་ཁྱོད་ལ་བདེ་སྲུང་བཀའ་བློན་ལབ་པ་དེ་ནོར་འདུག ཆོས་རིག་བཀའ་བློན་ཀྱང་འགྲིག་ས་རེད།”

“ཧེས་ཧེས་ཧེས། སྐུ་ངོ་ལགས་བྱས་ན་ངས་བདེ་སྲུང་དང་ཆོས་རིག་བཀའ་བློན་གཉིས་ཆ་བྱས་ན་གང་འདྲ་འདུག་གས། དངོས་གནས་ཡིན་སྐུ་ངོའི་ལག་འོག་ནས་ལས་དཀའ་ག་རེ་འདྲ་ཞིག་བྱས་ནའང་སྣང་དོགས་མེད་དྲན་གྱི་འདུག་ད།”

“ཧཧཧཧ། ད་ང་གཉིས་ནི་རྨི་ལམ་ཐོག་ལ་སྐྱར་ལོག་བྱེད་ཀྱིན་འདུག  བུ་མོ། ད་ང་གཉིས་ལ་བཀའ་བློན་ཁྲི་པ་ཡོད་པ་མ་རེད་ལ། ཆོས་རིག་དང་བདེ་སྲུང་ཡང་ཡོད་པ་མ་རེད། ང་ཚོ་ལ་གོ་སྐབས་གཅིག་རང་ཡོད་པ་ནི་ཟིན་བྲིས་ནང་གསལ་ལྟར། གཙོ་འཛིན་དེའི་ཐོག་ལ་བློ་རིག་སྒྲིམ་རྒྱུ་དེ་རེད། འོ་རེད། ཟིན་བྲིས་ནང་ལ་སྐུ་ཚབ་ཚོགས་ཆུང་དེ་དུས་ཚོད་ངེས་ཅན་ནང་བརྗེ་བོ་རྒྱག་དགོས་ཚུལ་གྱི་སྐད་ཆ་འདྲ་ཞིག་བཤད་མི་འདུག་གམ། དེ་ཚོའི་ཐོག་ལ་ཁྱོད་དང་པདྨ་འབྱུང་གནས་ཚོས་ག་རེ་བྱས་བསྡད་པ་ཡིན། སྐུ་ངོ་བློ་གྲོས་ལགས་ཀྱིས་ཀྱང་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག་ག ད་དུང་ཁྱོད་ཚོས་ཆོས་བརྒྱུད་སྤྱི་མཐུས་མི་དགོས་པའི་སྐོར་ནས་ཅི་ཡང་ལབ་ཐུབ་མི་འདུག་བ། ཁ་སང་སྔོན་མ་ནི་ཕལ་ཆེར་ཏག་ཏག་བྱེད་ཡོང་འདོག་འདོག་འདྲ་ཞིག”་་་་་་་་་་་་ཏོའུ་ཏོའུ་་་་་་་་ཧེལོ་ཧེལོ་་་་་་་་་་་་་ཏོའུ་ཏོའུ “ཨ་མ་ཞེད་སྣང་ལ། ཡིད་བཞིན། བསྟན་འཛིན་ནི་ང་ལས་ཧམ་པ་ཚ་བ་འདུག”