སེང་གེ་གསུམ་འཛོམས།
གངས་རི་དཀར་པོ་དགུང་དང་མཉམ།།
གངས་སེང་གཡུ་རལ་དགུང་ལས་མཐོ།།
དེ་ནི་བོད་ཀྱི་ཕ་ས་རེད།།
རང་ས་རང་བདག་བྱེད་དུ་འགྲོ།།
ཕོ་བྲང་དམར་པོ་དགུང་དང་མཉམ།།
གངས་སེང་དར་ཆ་དགུང་ལས་མཐོ།།
དེ་ནི་བོད་ཀྱི་ཕ་མཁར་རེད།།
རང་ཁྱིམ་རང་གིས་འཛིན་དུ་འགྲོ།།
བསྟན་སྲིད་བརྗིད་པོ་དགུང་དང་མཉམ།།
བློ་སེང་ཤེས་ཡོན་དགུང་ལས་མཐོ།།
དེ་ནི་བོད་ཀྱི་བཀའ་ཁྲི་རེད།།
རང་དཔོན་རང་མིས་བཀུར་དུ་འགྲོ།།
རྟེན་འབྲེལ་སེང་གེ་གསུམ་འཛོམས་རེད།།
མཐུན་སྒྲིལ་ཆོལ་ཁ་གསུམ་འཛོམས་རེད།།
བྱ་བཞག་འཆར་གཞི་གསུམ་འཛོམས་རེད།།
འཛོམས་གསུམ་འཛོམས་པའི་བཀྲ་ཤིས་ཤོག །
http://www.youtube.com/watch?v=ddOTtgIjFgs