རང་དབང་ལ་བསམ་བཞིག་དགོས་གལ།
གང་ཡིན་ཟེར་ན་ད་ལེན་གྱི་འོས་གཞི་བཀྲམ་སྟངས་འདི་ནི་རང་དབང་དམངས་གཙོའི་ཁེ་དབང་ལ་གནོད་གཞི་ཅན་གྱི་འགག་རྡོ་ཞིག་ཆག་ཡོད་པའི་རྒྱུ་རྐྱེན་གཙོ་བོ་དེ་གོང་རིམ་ནས་བཀའ་རྒྱ་ལྟ་བུའི་ཞིག་འགྲེམ་བཀྲམ་གྱིས་དུས་མ་ཡིན་པ་འོས་ཤོག་གང་བྱུང་དུ་བླུག་པ་སོགས་མདོ་ན་མི་མང་གི་རང་དབང་དང་དམངས་གཙོའི་ལམ་བཟང་ལ་གནོད་སྐྱོན་ཡོང་རྐྱེན་གྱི་འགག་རྡོ་ཞིག་ཡིན་པ་མཐོང་ཆོས་སུ་གྱུར་ཡོད་པ་དེ་ཡང་རྙིང་མཁྲེགས་ཅན་གྱི་མི་དེ་ཚོས་རང་ཁེ་ཁོ་ན་སྒྲུབ་པ་ལས་མི་རིགས་ཀྱི་རྩ་དོན་དང་ཚོགས་པའི་མཚན་མཐོང་ལ་བསམ་ཞེན་གྱི་ཕྱོགས་ཙམ་མེད་པ་སྒེར་གཅོད་ཀྱི་ལྟ་བ་དམར་པོའི་བྱ་སྤྱོད་ངན་པ་དངོས་སུ་ལག་ལྟར་གྱི་འདུག གང་ཡིན་ཟེར་ན་གོང་གསལ་ལྟར་གོང་རིམ་ནས་གཏན་འབེབ་གནང་ཏེ་མི་མང་ལ་མགོ་བོ་འཁོར་རུ་བཅུག་ཏེ་དུས་མ་ཡིན་པའི་འོས་འཕེན་པ་དང་དོན་དང་མ་མཐུན་པའི་འོས་གཞི་བཀྲམ་པ་སོགས་མདོར་ན་མི་རིགས་ཀྱི་ཁེ་ཕན་དང་དམངས་གཙོའི་ཁེ་ཕན་ལ་འགོག་རྐྱེན་ཆེས་བཟོའི་བྱ་སྤྱོད་ངན་པ་འདི་རིགས་ལ་རྒྱབ་སྐྱོར་རྩ་བ་ནས་མ་གནོང་རོགས་ཅེས་ལག་གཉིས་ཐལ་མོ་སྦྱར་ཏེ་གསོལ་བ་ཕུན་ཚོགས་སུ་འདེབས་བཞིན་ཡོད།དེ་ཡང་གང་ཟག་གི་ཁེ་ཕན་ཙམ་མ་ཡིན་པ་མ་འོངས་དམངས་གཙོའི་ལམ་བཟང་དང་མི་མང་གི་རང་དབང་ལ་བསམ་བཞིག་གིས་བྲིལ་པ་ལགས་ན་དེ་ལུགས་དགོངས་བཞེས་ཡོང་བ་མཁྱེན་མཁྱཻན།།