ལེགས་ཉེན་ལ་དཔྱད་ཞིབ་ཞིག་གནང་དང་།

དེའི་བསྐོར་ལ་མཁྱེན་འདོད་དང་སེམས་ཁུལ་ཡོད་མཁན་ཡོད་དམ།  འདི་མུལ་དུ་བཞག་ཏེ་མི་མང་གི་ཐོབ་ཐང་དང་རང་དབང་ལ་གནོད་སྐྱོན་འདི་ལྟ་བུ་གཏང་ཐབ་ཡོད་དམ། ཁྲིམས་སྒྲིགས་ལ་བསྟོས་མེད་ཀྱི་བྱ་བྱེད་ངན་པ་འདི་བཞིན་མུལ་འཐུད་འབྱུང་བ་ཡིན་ན་མ་འོངས་ཁམས་པ་ཚོས་ག་རེ་འདྲ་བྱེད་རྩིས་ཡོད་ན། ངས་ཁ་སང་བསྔོན་ནས་ཞུ་ཟིན་པ་ཞིག་ཡིན། ང་ཚོས་མི་ནག་པོ་བཟོ་ཡ་ལ་དགའ་པོ་བྱེད་པ་ལས་རང་གིས་བྱ་བ་ཡག་པོ་ཞིག་བྱེད་བསམ་པའི་དམིགས་ཡུལ་ཞིག་རྩ་བ་ནས་མི་འདུག   ད་ཡིན་ན་གང་དྲག མི་མང་ནི་རྒྱུ་དངོས་ལ་དགའ་པོ་ཆགས་ནས་ཕྱུགས་པོ་དེ་ཚོས་ག་རེ་བཟོ་བཟོ་རེད་འདུག་དེ་ལ་གནས་ལུགས་ནི་བཤད་ས་མི་འདུག  བཞིས་ལུས་བོད་མི་ཚོས་སྲོག་ཚུན་པ་བློས་གཏང་གནང་གིས་ཡོད་རེད  ང་ཚོས་འདི་ནས་རང་གི་ཁེ་ཕན་ནམ་མིང་དྲགས་འཕྲན་བུ་ལ་མགོ་འཁོར་ནས་སྡོད་པ་འདི་ནི་ཆོས་ཕྱོགས་ནས་བཤད་ན་རྒྱུ་འབྲས་གོ་ཟློག་དང་།  སྲིད་ཕྱོགས་ནས་བཤད་ན་མི་ཕུང་རང་རླགས་ཀྱི་བྱ་ངན་ཞིག་ཡིན་པ་བཤད་ཐུབ། དེ་ལ་བསམ་ཚུལ་རེ་ཡོད་ན་གསུང་དང་དྲི་བ་རེ་ཡོད་ན་དྲི་རོགས་གནང་།

བོད་དོན་བག་ཡོད།