ལྡི་ལི་དོན་གཅོད་ལས་ཁུངས་སུ་གཏོར་བཅོམ་བྱས་འདུག

ཟླ་འདིའི་ཚེས་༥ ཉིན་(TIMESNOW) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉིན་ཁ་ཤས་ཀྱི་སྔོན་དུ་མི་ཁ་ཤས་ཀྱིས་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་དུ་གཏོར་བཅོམ་བྱས་ཡོད་པའི་གནས་ཚུལ་སྤེལ་འདུག

ངོ་རྟགས་མི་ཆོད་པའི་མི་ཁ་ཤས་ཤིག་ལྡི་ལི་དོན་གཅོད་ལས་ཁུངས་སུ་འཛུལ་ནས་ལས་ཁུངས་ཀྱི་ཁང་མིག་གསུམ་གྱི་ནང་ལ་གཏོར་བཅོམ་བྱས་ཡོད་པ་དང་། དོན་རྐྱེན་དེ་ནི་ཟླ་༤ ཚེས་༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་༥ པར་བྱུང་ཡོད་འདུག

ས་གནས་ཉེས་རྟོག་པས་བརྗོད་གསལ་ལྟར་ན། ལས་བྱེད་ཚོས་ཁང་མིང་གསུམ་གྱི་ནང་དུ་ཅ་དངོས་འགའ་ཐོར་ཡོད་པ་མཐོང་རྗེས་སྦས་ལམ་བརྙན་འཕྲིན་(CCTV) བསྔོགས་ནས་རྩད་གཅོད་བྱས་ཡོད་འདུག་ལ། ཉེས་རྟོག་པ་ཚོས་བརྗོད་གསལ་ལྟར་ན། ལས་ཁུངས་ནས་ལག་འཁྱེར་གློག་ཀླད་གཉིས་དང་ཨེ་ཌེབ་ཊར་(adapter) གཅིག དྲྭ་ཚིགས་པར་ཆས་གཅིག་བཅས་བརླག་ཡོད་འདུག

ལྡི་ལི་དོན་གཅོད་ལས་ཁུངས་ཀྱི་རྩིས་པའི་ལས་རོགས་ཀྱིས་ཞུ་གཏུག་བྱས་རྗེས་ཉེན་རྟོག་པས་གྱོད་དོན་དེ་ཐོ་འགོད་བྱས་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།