གསོལ་བ་སྨོན་ལམ་འདེབས་རོགས།

སྤྱི་ཟླ་བཞི་པའི་ཚེས་༣༠་ཉིན་འདི་གར་ཨ་རུ་ནཱ་ཅལ་མངའ་སྡེའི་བློན་ཆེན་རྡོ་ རྗེ་མཁའ་འགྲོ་དང་། སྐུ་སྲུང་པ་ཡེ་ཤེས་ཆོས་གྲགས། ཡེ་ཤེས་ལྷ་མོ། རྟ་དབང་ནས་ཞོགས་པ་ཆུ་ཚད་༩དང་སྐར་མ་༥༦་ཐོག་ཐད་འཕུར་གནམ་གྲུ་བརྒྱུད་ཨི་ཁྲ་ན་ གྷ་ལ་ཕེབས་སྐབས་སྐར་མ་༢༠་རྗེས་ག་སོ་ཆ་མེད་དུ་སོང་ནས་ད་བར་ཉི་གྲངས་༤་སོང་ཡང་ གནས་ཚུལ་གསལ་པོ་གང་ཡང་མ་བྱུང་བས་སྐྱེས་བོ་ཀུན་གྱི་ཁོ་ཚོ་བདེ་པོ་ངང་གང་ མགྱོགས་ཕྱིར་རང་ཁྱིམ་དུ་ཕེབས་ཐུབ་བའི་གསོལ་བ་སྨོན་ལམ་འདེབས་རོགས།

བློན་ཆེན་རྡོ་རྗེ་མཁའ་འགྲོ་ལགས་ནི་ང་ཚོ་མི་མང་ཡོངས་ལ་བྱམས་ཀྱིས་སྐྱོང་མཁན་ཞིག་ཡིན་ལ་ལྷག་པར་དུ་ནང་ཆོས་ལ་དད་པ་ཤིན་ཏུ་ཆེན་པོ་ཡོད།