མཁས་དབང་བློ་བཟང་སེང་གེ་མཆོག་གིས་ BBC བརྙན་འཕྲིན་ནང་བགྲོ་གླེང་བྱེད་གཏན་འཁེལ་ཡོད།
བརྒྱུད་ལམ་ཁག་གི་ནང་ཕོན་ཆེན་ཐོན་པའི་རིགས་ཆེད་འདེམས་བྱེད་ཀྱི་ཡོད་པ་དང། བོད་ཀྱི་ལོ་རྒྱུས་ནང་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་ཁྲི་སྐབས་གསུམ་པའི་བརྒྱུད་རིམ་འདི། འཛམ་གླིང་གི་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་ཆེན་པོ་སོང་ཡོད་པ་དངོས་ཡོད་ཀྱི་གནས་ཚུལ་ཡིན་པ་དང། འདིས་བོད་དོན་ཁྱབ་བསྒྲགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་ཀྱང་ཐེབས་ཡོད། དེ་ཡང་༢༠༠༨ ལོར་རྒྱ་ནག་ཏུ་འཛམ་གླིང་ཨོ་པིག་རྩེད་འགྲན་ཆེན་པོ་འཚོག་ལ་ཉེ་བའི་སྐབས། གོ་སྒྲིག་བྱེད་མཁན་དང་འབྲེལ་ཡོད་ཀྱི་མི་སྣས་དཔྱད་གླེང་གི་གོ་སྐབས་འདི་མང་པོ་རག་ཡོད་པ་དང། རྒྱ་ནག་གི་ཆབ་སྲིད་བཙོན་པ་ལིའུ་ཞོ་པོ་ལ་ཞི་བདེའི་གཟེངས་རྟགས་ཐོབ་སྐབས། འབྲེལ་ཡོད་ཀྱི་མིས་ཁོང་གི་སྐོར་ལ་གར་སྟེགས་འདི་བརྒྱུད་ནས་བགྲོ་གླེང་བྱས་ཡོད་པ་དང། དེ་བཞིན་ཨི་རག་གི་སྲིད་འཛིན་ས་དམ་དང་འཇིགས་སྐུལ་རིང་ལུགས་པའི་གཙོ་འཛིན་བྷིང་ལ་ཌན་བསད་པའི་སྐབས། འབྲེལ་ཡོད་ཀྱི་མི་རྣམས་ཆེད་འབོད་བྱས་ནས་གར་སྟེགས་འདིའི་སྟེང་བགྲོ་གླེང་བྱས་པ་སོགས། གང་ལྟར་འཛམ་གླིང་གི་བརྒྱུད་ལམ་ཁག་ཏུ་ཆེས་རྒྱུགས་ཆེ་བའི་གནད་དོན་ཆེད་འདེམས་བྱས་པའི་དཔྱད་གླེང་ཞིག་ཡིན་པ་རེད།
