ཨིམ་རན་ཁན་བཙོན་བཅུག་བྱེད་དགོས་དོན་ཅི་ཞིག་ཡིན་ནམ།

ཉེ་ཆར་གཟའ་མིག་དམར་ཉིན་པ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་ཨིམ་རན་ཁན་(Imran Khan) དྲག་སྤྱོད་པའི་ཐེབས་རྩ་ཞིག་དང་འབྲེལ་བའི་རྩོད་རྙོག་གིས་རྐྱེན་པས་འཛིན་བཟུང་བྱས་ཡོད་ཅིང། ཨིམ་མེར་ཁམ་གྱི་རྒྱབ་སྐྱོར་བ་སྟོང་ཕྲག་མང་པོས་ངོ་རྒོལ་ལས་འགུལ་སྤེལ་བཞིན་ཡོད་འདུག 

ཟླ་འདིའི་ཚེས་༩ ཉིན་པ་ཀི་སི་ཐན་གྱི་སྲིད་བློན་ཟུར་པ་ཨིམ་རན་ཁན་པ་ཀི་སི་ཐན་གྱི་རྒྱལ་སའི་ཁྲིམས་ཁང་ཞིག་ནང་ཡོང་དུས། པ་ཀི་སི་ཐན་གྱི་དམག་མི་ཡིས་འཛིན་བཟུང་བྱས་ཡོད་པ་དང། འཛིན་བཟུང་བྱེད་དགོས་པའི་དོན་རྐྱེན་ནི་དེ་སྔོན་ཕྱི་ལོ་༢༠༢༢ཟླ་༤ ནང་པ་ཀི་སི་ཐན་གྱི་གྲོས་ཚོགས་ནང་( no confidence ) གཞུང་འཛིན་ཚོགས་པས་སྲིད་དབང་མུ་མཐུད་ནས་འཛིན་ཐུབ་མིན་འོས་བླུག་དུས་ཨིམ་རན་ཁན་གྱི་སྲིད་དོན་ཚོགས་པ་འོས་ཤོར་ཡོད་པ་དང་། ཁོང་གིས་དེ་ནི་པ་ཀི་སི་ཐན་གྱི་གསང་བའི་ལས་ཁུངས་ཀྱི་དམག་དཔོན་( Faisal Naseer) གྱིས་སྲིད་དབང་ནང་ཐེ་གཏོགས་བྱས་ཡོད་ཚུལ་བརྗོད་ནས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་དང། ཁོང་གི་སྲིད་དབང་ཤོར་རྗེས་རྒྱབ་སྐྱོར་བས་ངོ་རྒོལ་ཆེན་པོ་བྱས་ཏེ་འོས་བསྡུ་བསྐྱར་དུ་བྱེད་དགོས་ཚུལ་བརྗོད་ནས་འདི་ལོར་འོས་བསྡུ་བསྐྱར་དུ་བྱེད་འཆར་ཡོད་འདུག་ཀྱང་ཉེ་ཆར་ཁོང་འཛིན་བཟུང་བྱས་འདུག ཁོང་འཛིན་བཟུང་བྱེད་དགོས་དོན་གཙོ་བོ་ནི་དེ་སྔོན་ཁོང་སྲིད་བློན་ཡིན་དུས་ཁོང་དང་ཁོང་གི་བཟའ་ཟླ་དང་། ཁོང་གི་སྲིད་དོན་ཚོགས་པའི་འགོ་ཁྲིད་འགའ་ཤས་ཀྱིས་ (Al-Qadir) ཨ་ལི་ཁེ་དྷ་དྲག་སྤྱོད་པ་དང་ངན་འབྲེལ་བྱས་པས་ཡིན་པར་བརྗོད་འདུག

ཨ་ལི་ཁེ་དྷ་ཐེབས་རྩ་དང་འབྲེལ་བའི་རྩོད་རྙོག་ཟེར་བ་ཅི་ཞིག་ཡིན་ནམ།

ཨིམ་རན་ཁན་སྲིད་བློན་ནས་གནས་འབྱུང་བཏང་རྗེས། པ་ཀི་སི་ཐན་གཞུང་གིས་ཁོང་ལ་དོན་ཅན་མང་པོ་ཞིག་གི་ཉེས་མིང་བཙུགས་ཡོད་པ་དང། དེ་དག་ལས་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ནས་ཁོང་འཛིན་བཟུང་བྱས་པ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་རྗོད་བཞིན་འདུག་ཀྱང་། རེས་གཟའ་མིག་དམར་ཉིན་པ་ཀི་སི་ཐན་གྱི་ཉེན་རྟོག་པས་བརྗོད་དོན་ལ་ཁོང་འཛིན་བཟུང་བྱེད་དགོས་དོན་ནི་ཨ་ལི་ཁེ་དྷ་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་དང་འབྲེལ་བའི་གནད་དོན་ཡིན་པར་བརྗོད་འདུག ད་ཆར་པ་ཀི་སི་ཐན་གྱི་དཔལ་འབྱོར་གནས་སྟངས་ཛ་དྲག་ཅན་དུ་གྱུར་བའི་སྐབས་འདིར། ཨིམ་རན་ཁན་དང་ཁོང་གི་བཟའ་ཟླ། ཁོང་གི་སྲིད་དོན་ཚོགས་པའི་འགོ་ཁྲིད་འགའ་ཤས་བཅས་ནས་པ་ཀི་སི་ཐན་ནང་ཡོད་པའི་པན་འཇབ་ཀྱི་ས་ཇི་ཧང་ས་ཁུལ་(Punjab’s jhelum area )ཞེས་པའི་ནང་ཨ་ལི་ཁེ་དྷ་སློབ་གཉེར་ཁང་དེ་གསར་རྒྱག་བྱེད་བཞིན་ཡོད་པ་དང། དེའི་ཆེད་དུ་ཨ་ལི་ཁི་དྷ་ཐེབས་རྩ་ཞེས་པའི་ཚོགས་པ་ཞིག་བཙུགས་ཡོད་འདུག

ཕྱི་ལོ་༢༠༡༩ ལོར་སློབ་གཉེར་ཁང་དེའི་ཆེད་དུ་ས་ཆ་ཕོན་ཆེན་ཉོ་འཚོང་བྱས་ཡོད་ཅིང། ས་ཆ་ཕོན་ཆེན་ཞིག་ཁོང་རང་གི་བློ་ཉེ་བའི་གྲོགས་པོ་(Bushra Bibi) ཟེར་བ་ཞིག་ལ་སྤྲད་ཡོད་པ་པ་ཀི་སི་ཐན་གྱི་ནང་སྲིད་བློན་ཆེན་རན་ཨ་ས་ཨ་ལ་ཧོས་(Rana Sanaullah) བརྗོད་འདུག 

ཨ་ལི་ཁེ་དྷ་ཐེབས་རྩ་ཁང་དེ་ལ་པ་ཀི་སི་ཐན་གྱི་སྒོར་མོ་ས་ཡ་༡༨༠རོགས་སྐྱོར་འབྱོར་ཡོད་ཀྱང། པ་ཀི་སི་ཐན་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་སློབ་གཉེར་ཁང་དེར་འགྲོ་གྲོན་ས་ཡ་༨་༥༢ ལས་སོང་མེད་པས། དེ་མིན་གྱི་སྒོར་མོ་གཞན་རྣམས་ལྐོག་ཟ་རུལ་སུངས་བྱས་ཡོད་ཚུལ་བརྗོད་བཞིན་འདུག་ལ། ཁོང་གི་སྲིད་དོན་ཚོགས་པའི་འགོ་ཁྲིད་གཞན་རྣམས་ལ་ཡང་སློབ་གཉེར་ཁང་དེ་དང་འབྲེལ་བའི་ཁེ་ཕན་ཆེན་པོ་རག་ཡོད་ཚུལ་བརྗོད་བཞིན་འདུག མདོར་ན་ཨ་ལི་ཁེ་དྷ་ཐེབས་རྩ་ཁང་དང་ཨ་ལི་ཁེ་དྷ་སློབ་གཉེར་ཁང་ཞེས་པ་གཉིས་ཀྱི་རྩོད་རྙོག་གིས་རྐྱེན་པས་ཨིམ་རན་ཁན་འཛིན་བཟུང་བྱས་པར་བརྗོད་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།