བཅའ་ཁྲིམས་བསྐྱར་བཅོས་མང་གཙོའི་ཐོག་འགྲོ་ཡོད་དམ།

འབྱུང་འགྱུར་ཡང་མིང་བྱང་མེད་པའི་སྒྲིག་འཛུགས་ཞིག་དང་། རྒྱལ་ཁབ་མེད་པའི་མི་རིགས་འདིའི་འཕྲལ་ཕུགས་རྒྱང་གསུམ་ལ་དམིགས་ནས་འཛམ་གླིང་ཐོག་བོད་དང་བོད་མིའི་བདེ་སྡུགས་དྲིལ་བསྒྲགས་ཀྱི་ལས་འགུལ་གང་ཞིག་སྤེལ་ཐུབ་བམ། བཅའ་ཁྲིམས་བསྐྱར་བཅོས་མང་གཙོའི་ཐོག་འགྲོ་ཡོད་དམ། དམིགས་བསལ་ཚོགས་ཆེན་ཐོག་གི་མི་གྲངས་༤༡༨ ཀྱི་མང་མོས་དང་། སྤྱི་འཐུས་གྲོས་ཚོགས་ཐོག་མི་གྲངས་༤༣ ཀྱི་མང་མོས་གཉིས་ཀྱི་གང་ཚད་མཐོན་པོ་ཡོད་དམ། ང་ཚོས་རྩ་དོན་ཡོད་ཚད་ནག་བསུབ་བཏང་ཡང་རྒྱ་གཞུང་གི་ཁས་ལེན་བྱེད་སྲིད་དམ། ཡང་ན་ང་ཚོའི་བཅའ་ཁྲིམས་བསྐྱར་བཅོས་འདི་རྒྱ་གཞུང་གི་ལག་པར་སྤྲད་ནས་བཟོ་བཅོས་བྱེད་བཅུག་ཀྱང་འདི་ལས་གཞན་བཅོས་རྒྱུ་ལྷག་ཡོད་དམ།