ཚོགས་གཙོ་ཚོགས་གཞོན་འོས་འདེམས་བྱུང་བ།

དངོས་གཞིའི་འོས་འདེམས་སྐབས་སྤྱི་འཐུས་སྤེན་པ་ཚེ་རིང་དང་། ཀརྨ་ཡེ་ཤེས་གཉིས་ལ་འོས་གྲངས་༡༩ རེ་དང་པདྨ་འབྱུང་གནས་ལ་འོས་༤ བཅས་ཡང་བསྐྱར་འདེམས་བྱེད་དགོས་བྱུང་སོང་།


འོས་གྲངས་མཐོ་ཤོས་འདྲ་མཉམ་གཉིས་ཡང་བསྐྱར་འོས་འདེམས་བྱུང་བ་དང་པོ་སྤེན་པ་ཚེ་རིང་ལ་འོས་༢༢ གཉིས་པ་ཀརྨ་ཡེ་ཤེས་ལ་འོས་༡༩ བཅས་ཁོང་གསུམ་ནང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་འདེམས་ཐོན་གནང་འདུག འོས་གཅིག་རྩིས་མེད་འགྲོ་འདུག


༢༽ ཚོགས་གཞོན་སྔོན་འགྲོའི་འོས་འདེམས་སྐབས་རྩེ་བཏོག་བྱུང་བ་མཁན་པོ་བསོད་ནམས་བསྟན་འཕེལ་ལ་འོས་གྲངས་༡༨ ཀརྨ་ཡེ་ཤེས་ལ་༡༨ པདྨ་འབྱུང་གནས་ལ་༡༡ བཅས་ཁོང་གསུམ་སྔོན་འགྲོའི་འོས་གཞིའི་ནང་འདེམས་ཐོབ་བྱུང་འདུག


དངོས་གཞིའི་འོས་འགྲན་སྐབས་མཁན་པོ་བསོད་ནམས་བསྟན་འཕེལ་ལ་༢༠ པདྨ་འབྱུང་གནས་ལ་༡༣ ཀརྨ་ཡེ་ཤེས་ལ་༩ བཅས་ཚོགས་གཞོན་དངོས་གཞིའི་སྐབས་མཁན་པོ་བསོད་ནམས་བསྟན་འཕེལ་འདེམས་ཐོན་བྱུང་འདུག།སྐབས་༡༥ པའི་ཚོགས་གཙོ་ནི་ལྷག་བསམ་དང་སྙིང་སྟོབས་ལྡན་པའི་ཤེས་ལྡན་མི་སྣ་ཞིག་སླེབས་འདུག་པས་དགའ་བསུའི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།