མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལ་དྭགས་མི་མང་ལ་བཀའ་སློབ་གནང་བ།

 

དེའི་ ཕྱི་དྲོ་ནས་བཀའ་ཁྲི་མཆོག་ཆུ་ཚོད་བདུན་ཙམ་རླངས་འཁོར་འགྲུལ་བཞུད་དགོས་པའི་ པའི་ལ་དྭགས་བྱང་ཐང་ཕྱོགས་སུ་ཡོད་པའི་བོད་པའི་གཞིས་ཆགས་ཉི་མ་ཟེར་སར་ཕེབས་ རྒྱུ་ཡིན་པ་རེད།

ཕྱི་ ལོ་ 2011 ཕྱི་ཚེས་ 27 ཉིན་བྱང་ཐང་ཕྱོགས་ཀྱི་མི་མང་དང་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་བཀའ་སློབ་ སྩལ་རྒྱུ། ལ་བྱང་ཧེན་ལེ་དང་བཀའ་གཞུང༌། རྒུལ་ཡུལ། ཉི་མ་བཅས་ཀྱི་འགོ་པ་དང༌། མི་འཐུས། སློབ་གྲྭའི་དགེ་རྒན་ལས་བྱེད་བཅས་ལྷན་འཛོམས་བཞུགས་མོལ་ཚོགས་འདུག་གནང་རྒྱུ། དེ་ཉིན་ཕྱི་དྲོ་ལ་བྱང་སུམ་མདོར་ཕེབས་ཏེ་སུམ་མདོའི་མི་མང་དང་དགེ་ལས་སློབ་ ཕྲུག་རྣམས་ལ་བཀའ་སློབ་གནང་རྒྱུ་བཅས་ཡིན་ལུགས་བཅས་འཁོད་འདུག

ཕྱི་ཚེས་ 28 ཉིན་ལ་བྱང་ཆུ་མུར་དང་ས་སྨད། མཁར་ནག སུམ་དོར་བཅས་ཀྱི་འགོ་པ་དང་མི་འཐུས། སློབ་གྲྭའི་དགེ་རྒན་ལས་བྱེད་བཅས་ལྷན་འཛོམས་བཞུགས་མོལ་ཚོགས་འདུག་གནང་རྒྱུ་དང༌། ཕྱི་དྲོ་ལ་བྱང་སུམ་མདོ་ནས་སླེ་ལ་ཕེབས་རྒྱུ་དང༌། སུམ་མདོ་ནས་སླེ་ལ་ཕེབས་ཞོར་དང་སློབ་རུ་ཤོག 2 པ་ཀེ་ར་རུ་འཚམས་གཟིགས་བཀའ་སློབ་སྩལ་རྒྱུ།

ཕྱི་ཚེས་ 29 ལ་དྭགས་ལྕོག་ལམ་ཚལ་བོད་ཁྱིམ་དགེ་ལས་སློབ་ཕྲུག་ཡོངས་ལ་བཀའ་སློབ་སྩལ་རྒྱུ་དང༌། དེ་ཉིན་ཕྱི་དྲོར་ལ་དྭགས་མཚན་ཉིད་སློབ་གྲྭར་དགེ་ལས་སློབ་ཕྲུག་ཡོངས་ལ་བཀའ་སློབ་སྩལ་རྒྱུ། དེ་རྗེས་དུས་རབས་ཉེར་གཅིག་པའི་ནང་པའི་ནང་པའི་སྐོར་བགྲོ་གླེང་གནང་རྒྱུ།

ཕྱི་ཚེས་ 30 ཉིན་ལ་དྭགས་ནས་ལྡི་ལི་རྒྱུད་བཞུགས་སྒར་དྷ་རམ་ས་ལར་ཕེབས་འབྱོར་གནང་རྒྱུ་བཅས་འཁོད་འདུག

རེད།

བྷོ་ཊི་རྩོམ་སྒྲིག་པ་ངག་དབང་བྱམས་པས་ལ་དྭགས་སླེ་ནས་ཕྱི་ལོ་ 2011། 06། 26། ཉིན།