དངུལ་རྩིས་ཡར་རྒྱས་གཏོང་ཕྱོགས་སྐོར་གྱི་ཚོགས་ཆེན།

ཡོ་རོབ་རྒྱལ་ཁབ་ནང་ནས་ཧཕ་རན་སིའི་སྲིད་འཛིན་ནཱི་ཁོ་ལར་སར་ཁོ་རྫི་ཚོགས་ཞུགས་བྱས་ཡོད་པ་རེད། སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་རིའི་ཌོ་ལར་ས་ཡ་བདུན་མིའི་རིགས་ལ་རོགས་སྐྱོར་གྱི་ཆེད་དུ་ལས་འཆར་ཞིག་གོ་སྒྲིག་བྱས་ཡོད་པ་དང༌། ལས་འཆར་དེ་ཉིད་ཕྱི་ཟླ་༡༢ ནང་དུ་ལག་བསྟར་འགོ་འཛུགས་བྱེད་རྒྱུ་ཡིན་པ་རེད། ད་ལྟའི་ཚོགས་ཆེན་དེ་ཉིད་འཛམ་གླིང་ཚོང་ལས་ལྷན་ཚོགས་དང་འབྲེལ་བ་མེད་པ་ཞིག་ཡིན་པ་རེད།།