བོད་རང་བཙན་འགོག་ཐབས་མེད་པའི་རྒྱུ་རྐྱེན་ཁག་བཅུ་གཉིས།

དེའི་ཁྱད་ཆོས་ནི་དབུས་གཞུང་ལ་དབང་ཤུགས་ཡོངས་གཅིག་བསྡུས་ཡོད་པའི་༼ཞིང་ལས།༽བཙན་རྒྱལ་ཞིག་རེད།དེའང་རྒྱལ་པོའམ་དམར་ཤོག་དབུས་གཞུང་འགོ་གཙོའི་འོག་གི་མི་སྣ་བཅུ་གྲངས་གཅིག་ཡོད་པ་དང།༼བློན་ཆེན་ནམ་དབུས་ཆབ་སྲིད་ཁང།༽མི་བཅུ་གྲངས་ཀྱི་འགོ་གཙོ་འདི་དག་གི་གཤམ་འོག་ཏུ་མི་གྲངས་སྟོང་ཕྲག་ཁ་ཤེས་ཡོད་།༼རྒྱལ་པོའི་ཚོགས་འཁོར་རམ་དབུས་སྲིད་གཞུང།༽དེ་དག་གིས་གོ་རིམ་བཞིན་ཞིང་ཆེན་ཁག་གི་སྲིད་གཞུང་དག་འགོ་འཁྲིད་རྒྱུ་དང།ཞིང་ཆེན་སྲིད་གཞུང་གིས་གྲོང་ཁྱེར་དང་རྫོང།ཤང་དང་གྲོང་བརྡལ།གྲོང་ཚོ་བཅས་རིམ་གྱིས་འགོ་འཁྲིད་ཀྱི་ཡོད་པ་རེད།

 

དེ་མིན་དམངས་གཙོ་རྒྱལ་ཁབ་ཀྱི་ལམ་ལུགས་སུ་འདྲ་མཉམ་ལྟར་སྲིད་གཞུང་ནི་ཁྱོད་ཀྱི་འཁྲིས་སུ་ཡོད་བཞིན་པ་རེད།ཁྱོད་ཀྱི་གྱོད་གཏུག་བྱ་དགོས་ན་སྐར་མ་ཉི་ཤུའི་ནང་ཁྲིམས་ཁང་དུ་སླེབས་ཐུབ་ཀྱི་ཡོད།ཨ་རིར་སྤྱི་བཏང་མི་ཚོའི་གནས་ཚུལ་སྐོར་གྱི་གྱོད་གཞི་དེ་དག་ཉུག་ཡོག་གྲོང་ཁྱེར་ནས་རིམ་པ་གོང་མ་དང།དེ་བཞིན་རྒྱལ་ས་ཧཱ་ཤིང་ཏྲོན་བར་བརྒྱུད་དགོས་པའི་གོ་སྐབས་ཡོད་མ་མྱོང་བ་རེད།གང་ཡིན་ཟེར་ན་སྤྱི་དམངས་ཀྱི་གནད་དོན་ཐག་གཅོད་བྱེད་མཁན་ནི་གྲོང་ཁྱེར་དང་ཀྲུག་རིམ་པའི་ཁྲིམས་ཁང།་དེ་བཞིན་མནའ་འབྲེལ་གྱི་ཁྲིམས་ཁང་བཅས་ཁྱོད་ཀྱི་འཕྲིས་སུ་ཡོད་ཡོད་པ་རེད།གཞན་མི་འདྲ་ས་གཅིག་ཡོད་པ་དེ་ནི་ཁྲིམས་གཏུག་གི་ནང་དོན་མི་འདྲ་བ་ཙམ་ཡིན།དེར་བརྟེན་གྲོང་ཁྱེར་དང་ཀྲུག་རིམ་པ།དེ་བཞིན་མནའ་འབྲེལ་ཁྲིམས་ཁང་ནས་ཐག་བཅད་བྱས་པའི་གནད་དོན་ཁག་གི་བྱུང་འབྲས་གཅིག་མཚུངས་མ་རེད།ལས་ཁང་དེ་གསུམ་ཕན་ཚུན་གོང་འོག་གི་འབྲེལ་བ་མེད་པར་ཕན་ཚུན་སྒེར་ཚུགས་ཀྱི་འབྲེལ་བའི་ཐོག་ནས་གནས་ཡོད་པ་རེད།

རྒྱ་ནག་མི་མང་རྣམས་དབུས་གཞུང་གཅིག་བསྡུས་སམ་གཅིག་གྱུར་གྱི་བཙན་རྒྱལ་ནང་ལོ་ངོ་སྟོང་ཕྲག་ཁག་ཤེས་འཚོ་དགོས་བྱུང་བ་དང།དེང་འདིར་ད་དངོས་གནས་ཉོབས་སྣང་སྐྱེ་དགོས་པའི་དུས་ལ་སླེབས་ཡོད།མི་དམངས་རྣམས་ཀྱིས་ལམ་ལུགས་དེའི་སྡུག་སྦྱོར་སྣ་ཚོགས་མྱང་ཚར་བ་རེད།ད་ཆ་མི་ཚོ་དམངས་གཙོའི་ལམ་ལུགས་གཅིག་ལ་བཅོས་བསྒྱུར་གཏོང་དགོས་པ་དང།ས་ཁུལ་དང་ས་ཁུལ་དབར་གྱི་འབྲེལ་བ་བག་ཡངས་ལྡན་པའི་མནའ་འབྲེལ་གྱི་ལམ་ལུགས་གཅིག་འོག་འཚོ་བ་བསྐྱེལ་དགོས།འགྱུར་ལྡོག་འདིའི་ཁ་ཕྱོགས་ནི་བཅོས་ཐབས་མེད་པ་ཞིག་རེད།རྒྱུན་རིང་ཁ་བྲལ་སོང་རྗེས་སླར་ཡང་མཉམ་གནས་བྱེད་པ་དང།རྒྱུན་རིང་མཉམ་གནས་རྗེས་ཁ་བྲལ་བའི་མིའི་བསམ་བློ་ཁ་གྱེས་ཟེར་བའི་དུས་རབས་ནང་སླེབས་ཚར་བ་རེད།

གཉིས་པ།མི་རིགས་རང་ཐག་རང་གཅོད་དང་སོ་སོས་རང་གི་ལས་དབང་དམ་འཛིན་བྱེད་པ།

བོད་ཁུལ་དུ་མི་གྲངས་ཁྲི་༣༠༠ཡོད་པའི་ནང་བོད་རིགས་ཀྱི་གྲངས་འབོར་བརྒྱ་ཆ་༩༠ཟིན་ཡོད་པ་དང།རྒྱ་རིགས་བརྒྱ་ཆ་༥༠ཟིན་ཡོད།གལ་ཏེ་བོད་མི་དམངས་རྣམས་ལ་སོ་སོས་འོས་ཤོག་འཕེན་བའི་ལམ་ནས་གདམ་ཐོན་བྱས་པ་ཡིན་ན་མང་ཆེར་གྱིས་མ་འོངས་པར་བོད་རང་བཙན་གདམ་ངེས་རེད།གང་ཟག་དང་མི་རིགས་གཞན་གྱིས་བོད་མི་ཚོའི་བསམ་འདུན་ངོས་ལེན་བྱེད་དགོས་པ་དེ་ནི་དམངས་གཙོ་རེད།

གསུམ་པ།ལོ་རྒྱུས་ནི་བོད་རང་བཙན་གྱི་ཕྱོགས་སུ་ལངས་ཡོད།

བོད་ནི་དེ་སྔོན་རང་བཙན་གྱི་རྒྱལ་ཁབ་ཅིག་རེད།༡༩༥༠ལོར་རྒྱ་ནག་གིས་དྲག་པོས་དབང་བསྒྱུར་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་དེ་ནི་བསྒྱུར་བཅོས་གཏོང་ཐབས་མེད་པ་ཞིག་ཡིན།ད་ལྟའི་དུས་རབས་ནི་རྒྱ་ནག་གིས་དེ་སྔོན་དབང་བསྒྱུར་བྱས་པའི་ས་ཁུལ་ནས་ཕྱི་འཐེན་བྱ་དགོས་པའི་དུས་རབས་རེད།

བཞི་པ།བཙན་གནོན་འོག་ཏུ་བཟང་འབྲས་མེད།

༡༩༥༠ལོར་རྒྱ་དམར་གྱིས་བོད་ཞི་བའི་བཅིངས་འགྲོལ་གཏོང་བ་མ་ཡིན་པར་བོད་ལ་མཚོན་ཆས་དབང་བསྒྱུར་བྱས་ཡོད།དམར་ཤོག་གིས་༡༩༦༠ཡས་མས་ཙམ་ནས་བཅིངས་འགྲོལ་དམག་ཤར་ཏུ་ཀི་སི་ཐན་ཏུ་བཏང་ནས་སྙན་ཐོ་བསྒྲགས་ཏེ་༼བོད་ཀྱི་ཟིང་འཕྲུག་ཞོལ་འཇགས།༽ཟེར་བ་དེའི་བྱུང་རིམ་ངོ་སྤྲོད་བྱེད་སྐབས།༼བཅིངས་འགྲོལ་དམག་ཅིག་ལ་མཚོན་ན་བོད་ནང་གི་ཇག་པ་གཅིག་བསད་རྗེས་ཁོའི་རྐང་པའི་འོག་ཏུ་སྤུ་རིང་པོ་སྐྱེས་ཡོད་པར་མཐོང་ཡོད།༽ཅེས་བཤད།དེའི་ནང་དོན་ནི་བོད་མི་ཀླ་ཀློ་ཡིན་པ་དང་རྒྱ་མི་ལྟར་གུས་ལུགས་ལྡན་པ་ཞིག་མ་རེད་ཅེས་པའི་དོན་ཡིན།དེར་བརྟེན།བོད་ནི་གུས་ལུགས་ལྡན་པའི་མིས་དབང་བསྒྱུར་བྱེད་དགོས།ཅེས་པ་དེ་ཡིན།དམར་ཤོག་གིས་མཚོན་ཆ་བེད་སྤྱོད་དེ་བོད་བཙན་བཟུང་བྱས་པའི་ལོ་རྒྱུས་ནི་ཁེས་ལེན་མི་བྱེད་ཀ་མེད་དང་བཅོས་བསྒྱུར་གཏོང་ཐབས་མེད་པའི་གནས་སྟངས་ཤིག་རེད།

ལྔ་པ།འཛམ་གླིང་མི་མང་དང་རྒྱ་ཡོངས་མི་མང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་ཡོད།

འཛམ་གླིང་མི་མང་རྣམས་ཀྱིས་བོད་ནི་༡༩༥༠ལོའི་སྔོན་དུ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་བྱེད་པ་དང།དེ་རྗེས་རྒྱ་ནག་གིས་དབང་བསྒྱུར་བྱས་པ་རེད།དམར་ཤོག་ངོས་ནས་འཛམ་གླིང་མི་མང་ཡོངས་ཀྱི་དྲན་ཤེས་སམ་བསམ་བློ་གཙང་འཕྲུས་བྱེད་ཐབས་མེད།

དྲུག་ཡོ་རོབ་རྒྱལ་ཕྲན་འཕེལ་རྒྱས་དང་རྒྱ་ནག་ཆེན་མོ་རྗེས་ལུས་ཐེབས་པའི་དབར་གྱི་དཔྱད་བསྡུར།

ཉེ་དུས་རྒྱ་ནག་གི་མཁས་པ་ཚོས་ཡོ་རོབ་རྒྱལ་ཚོགས་ཀྱི་ལོ་རྒྱུས་དང་རྒྱ་ནག་རྒྱལ་ཁབ་ཆེན་མོའི་ལོ་རྒྱུས་དབར་དཔྱད་བསྡུར་གྱི་གླེང་སློང་བྱེད་བཞིན་ཡོད།དེ་དག་གི་མཇུག་བསྡོམས་བརྗོད་སྟངས་ནི་གལ་ཏེ་རྒྱ་ནག་སྐབས་དེར་རྒྱ་ནག་ཀྱང་རྒྱལ་ཕྲན་མང་པོ་ལྟར་རྒྱ་ཁོངས་ནས་ཁ་བྲལ་སོང་བ་ཡིན་ན་རྒྱ་ནག་གི་རྒྱལ་པོ་དང་དམར་ཤོག་སྒེར་གཅོད་པས་དབང་བསྒྱུར་མ་ཐུབ་པའི་རྒྱལ་ཁབ་གཞན་ཚོ་གང་མགྱོགས་མདུན་སྐྱོད་བྱེད་ཐུབ་ཀྱི་རེད།དེའང་རྗེས་ལུས་ཐེབས་པའི་རྒྱལ་ཁབ་གཞན་ལ་དམིགས་དཔེ་བཏོན་ས་དང་སྣེ་འཁྲིད་ཀྱི་ནུས་ཤུགས་ཐོན་ཐུབ་ཅིང།རྒྱ་ནག་ཀྱང་ད་ལྟའི་རྗེས་ལུས་ཀྱི་གནས་སྟངས་འདིར་གྱར་མི་སྲིད།དུས་འདིར་དམར་ཤོག་སྲིད་གཞུང་གིས་བཀས་བཀོད་རྒྱུད་འཛིན་ལམ་ལུགས་བསྐྲུན་པ་འདི་འགྲོ་བ་མིའི་རིགས་ཀྱི་བཟང་ལུགས་སྤྱི་ཚོགས་ལས་ལོ་ངོ་བརྒྱ་ཁྲག་ཁ་ཤེས་རྗེས་ལུས་སོང་ཡོད་པ་རེད།

དཔེར་ན་རྒྱ་ནག་གསོ་རིགས་བཅོས་བསྒྱུར་གྱི་ལས་གཞིར་འགན་འཁྱེར་མཁན་པེ་ཅིང་སློབ་ཆེན་གྱི་ལཱི་ལིང་གིས།ཨ་རིའི་མི་ཚོར་ཆ་བསྙོམས་ལོ་རེའི་སྨན་བཅོས་ཀྱི་འགྲོ་སོང་ནི་ཨ་སྒོར་༨༠༠༠ཡིན་པ་དང།འོན་ཀྱང་༢༠༠༧ལོར་རྒྱ་ནག་ཧུའུ་ནན་གྲོང་གསེབ་ཀྱི་མི་འབོར་ཆ་སྙོམས་ཀྱི་སྨན་བཅོས་འགྲོ་སོང་རྒྱ་སྒོར་༤༠རེ་ཡིན་པ་དེ་ཕལ་ཆེར་ཨ་སྒོར་༦རེ་དང་མཚུངས་ཤིང།དེའང་ཨ་སྒོར་༨༠༠༠་གི་༡༣༠༠ཡི་བརྒྱ་ཆ་གཅིག་ཟིན་ཡོད་པ་རེད་དམ།རྒྱ་མི་རེ་རེར་ཨ་སྒོར་༦ནས་ཨ་སྒོར་༨༠༠༠བར་ཡར་རྒྱས་འགྲོ་བར་ལོ་ག་ཚོད་འགོར་གྱི་རེད་ཅེས་ང་ཚོར་དྲི་བ་བཀོད་ཡོད་པ་དང།རྒྱ་ནག་མི་རེར་ཨ་སྒོར་༨༠༠༠རེར་ཐོབ་པའི་དུས་སུ་ཨ་རི་མི་རེའི་སྨན་བཅོས་རིན་གོང་མཐོ་རུ་སོང་ཡོད་པ་དང།རྒྱ་མི་ཚོ་ཨ་སྒོར་༨༠༠༠ནས་འགོ་བརྩམས་ཏེ་ཨ་རི་མིའི་རྗེས་ཟིན་པ་བྱ་དགོས་ན་ལོ་ག་ཚོད་འགོར་གྱི་ཡོད་མེད་དྲིས་ཡོད་པ་རེད།

བདུན་པ།ཨཱོ་རུ་སུག་སྔོན་མ་དང་ཤར་ཡོ་རོབ་དམར་ཤོག་རྒྱལ་ཁབ་ཀྱི་ཐོར་ཞིག

དམིགས་དཔེ་མི་སྣའི་ནུས་ཤུགས་ནི་ཚོད་དཔག་དཀའ་བ་ཞིག་རེད།དམར་ཤོག་སྒེར་གཅོད་པའི་རུ་ཚོགས་མགོ་གཏོང་སློག་རྗེས་མི་རིགས་ཁ་བྲལ་ངེས་པར་ཡོང་དགོས་པ་ཞིག་ཡིན་པ་དང།དེའང་ངེས་པར་དུ་བརྒྱུད་དགོས་པའི་མདུན་ལམ་རེད།དེར་བརྟེན་བོད་བཙན་བྱོལ་སྲིད་གཞུང་གིས་བོད་དོན་ཐག་གཅོད་ཡོང་བ་དེ་ནི་རྒྱ་ནག་གི་ཆབ་སྲིད་དམངས་གཙོར་ལེགས་བསྒྱུར་བྱུང་རྗེས་ཡིན་སྐོར་གྱི་ཡོང་ཁྱབ་བསམ་དོན་སྤེལ་ཡོད་པ་རེད།ལྟ་སྟངས་དེར་རྒྱ་ནག་ཤེས་ཡོན་པ་ཡོངས་ཀྱིས་ངོས་ལེན་བྱས་ཡོད་པ་རེད།༼མཆན།རྒྱ་ནག་དམར་ཤོག་འོག་གི་ཤེས་ཡོན་ཅན་ཚོ་འདིར་ཚུད་མེད།༽

བརྒྱད།ཕྱི་མིར་རྒོལ་བ་ནི་མིའི་རིགས་ཀྱི་རང་གཤིས་རེད།

ཨ་རིར་རྒྱལ་ཁབ་༡༤༠་ཡི་མི་རིགས་གནས་སྡོད་བྱེད་ཡོད།མི་རིགས་དེ་དག་དབར་ཞི་བའི་མཉམ་གནས་ཐུབ་པ་དེ་ནི་རང་དབང་ཚད་ལྡན་ལོངས་སྤྱོད་ཐུབ་པས་ཡིན།དམིགས་བསལ་དུ་རྒྱ་ནག་དང་བསྡུར་ན་དེ་འདྲ་ཡིན།གཞན་ཡང་ཨ་རི་ནི་ལ་རྒྱ་ལ་བརྩི་མཐོང་ཆེ་བའི་ལུགས་མཐུན་གྱི་རྒྱལ་ཁབ་ཅིག་དང།ལ་རྒྱ་དང་ལུགས་མཐུན་དེས་མི་རིགས་གཞན་ལ་མཐོང་ཆུང་གི་ལྟ་བ་དེར་ཚོད་འཛིན་བྱེད་ཀྱི་ཡོད།གལ་ཏེ་གཞན་ལ་རྒོལ་བ་དེ་མིའི་རང་གཤིས་ཡིན་ན་དེ་ནི་མི་རིགས་དབར་མཐོང་ཆུང་གི་ལྟ་བ་མེད་པ་མིན་པར་ཨ་རི་ནས་ལུགས་མཐུན་གྱིས་ཚོད་འཛིན་ཐུབ་ཡོད་པས་ཡིན།

དཔེར་ན་དེ་ནི་མི་ཞིག་ཁྲོམ་ལམ་དུ་འགྲོ་སྐབས།ཁོས་དེར་གཅེན་པ་གཏོང་འདོད་པ་དང།༼རང་གཤིས།༽འོན་ཀྱང་ལུགས་མཐུན་གྱིས་ཁོ་ལ་དེར་ཁྲོམ་ལམ་ཡིན་པས་གཅེན་པ་གང་བྱུང་གཏོང་ཆོག་གི་མེད་པར་བརྡ་སྤྲད་ཡོད་པ་དང་མཚུངས།ཨ་རིའི་མི་རིགས་དབར་མཐོང་ཆུང་བྱེད་པ་དེ་ནི་སྤྱི་ཚོགས་ཟང་ཟིང་ཡོང་བའི་གནད་དོན་ཆེན་པོ་ཞིག་མིན།དེ་ནི་ཨ་རིར་མི་སེམས་འདུས་པའི་ནུས་ཤུགས་ཡོད་པ་དང།གཞན་དེ་ནི་མི་རྣམས་ལ་ཚད་མཐོའི་ལ་རྒྱ་འཛིན་སྟངས་ཤིག་ཡོད་པས་རེད།

དེང་སེང་དམར་གཞུང་ལ་ཁ་ཕྱོགས་ཤིང་སྤྱི་ཚོགས་ཐོག་མི་སེམས་འདུས་ཐུབ་པའི་ནུས་ཤུགས་ག་རེ་ཡོད་དམ།ཡོད་པ་ཚང་མ་མི་སེམས་ཁ་གྱེས་པའི་རྒྱུ་རྐྱེན་ཤ་སྟག་རེད།དམར་ཤོག་གིས་བཀས་བཀོད་གྲལ་རིམ་གྱི་སྤྱི་ཚོགས་དེར་ལ་རྒྱ་དང་ལུགས་མཐུན་ནི་བཤད་ཐབས་མེད་སྟབས།དེ་བས་བོད་མི་རྣམས་ཀྱིས་ཕྱི་མིར་རྒོལ་བའི་སེམས་ཚོར་དེ་གོང་འཕེལ་དང་རྒྱ་བསྐྱེད་གཏོང་བར་ཕན་ནུས་སྦྱིན་ཡོད་པ་རེད།

དགུ་པ།བོད་ལ་བཙོན་བྱོལ་བོད་གཞུང་ཞིག་ཡོད།

བཙོན་བྱོལ་བོད་གཞུང་གིས་ཉིན་ལྟར་བོད་དོན་ལ་སེམས་འཁུར་བྱེད་པ་དང།མི་རྣམས་བོད་ནས་རྒྱུན་ཆད་མེད་པར་རྒྱ་གར་བཙན་བྱོལ་གཞུང་ལ་ཁ་ཕྱོགས་ནས་ཡོང་གི་ཡོད།བོད་གཞུང་འདི་གནས་པ་ཙམ་གྱིས་བོད་མི་ཚོར་རྒྱ་ནག་དམར་པོའི་གཞུང་དང་ཁ་བྲལ་འདོད་ཀྱི་ནུས་ཤུགས་ཐོན་གྱི་ཡོད།བོད་བཙན་བྱོལ་གཞུང་ནི་དེང་རབས་ཀྱི་ལ་རྒྱ་དང་སྦྱོང་བརྡར་ཚད་ལྡན་ཡོད་པའི་སྲིད་གཞུང་ཞིག་རེད།སྲིད་གཞུང་འདིས་ག་དུས་ཡིན་ཡང་ལྷ་སར་གནས་སྤོས་བྱས་ཏེ་བོད་དུ་དོ་དམ་བྱ་ཆོག་པ་དང།བོད་རང་བཙན་གྱི་གསལ་བསྒྲགས་སྤེལ་རྗེས་ཀྱི་གནས་སྤོའི་རྒྱུན་རིམ་ནང་སྲིད་གཞུང་མེད་པའི་བར་སྟོང་གི་དུས་སྐབས་ལྷག་མི་སྲིད།

བཅུ་པ།ཏྰ་ལའི་བླ་མ་ད་དུང་ཡང་བོད་མི་མང་རྣམས་ཀྱི་བསམ་པའི་དབུ་གཙོ་རེད།

ཏྰ་ལའི་བླ་མ་ནི་ནོར་བེར་གཟིངས་རྟགས་ཀྱི་བདག་པོ་དང།འཛམ་གླིང་ཡོངས་ལ་སྙན་གྲགས་ཡོད་པའི་༸གོང་ས་མཆོག་རེད།ཁོང་འཚོ་བཞུགས་ཡོད་པ་ཙམ་གྱིས་བོད་མི་རིགས་རྣམས་རྒྱ་ནག་དང་ཁ་བྲལ་འདོད་ཀྱི་སེམས་ཀྱི་ནུས་ཤུགས་ཤིག་ཡིན།

བཅུ་གཅིགཏཱ་ལའི་བླ་མ་རྒས་ཡོལ་ཞུས་རྗེས་ཁོང་གི་དབུ་མའི་ལམ་ལ་འགྱུར་བ་འགྲོ་སྲིད་པ་རེད།

བཙན་བྱོལ་སྲིད་གཞུང་གི་ལོ་གཞོན་གྱི་མི་རབས་རྣམས་དང་གཞུང་གི་དོ་དམ་འོག་གནས་པའི་བོད་མི་གཞོན་སྐྱེས་རྣམས།དེ་བཞིན་འཛམ་གླིང་གང་སར་གནས་པའི་བོད་མིའི་ནང་རང་བཙན་གྱི་འབོད་སྒྲ་སྒྲོག་མཁན་མང་པོ་རེད།དེའང་རྒྱ་ནག་གི་སྲིད་དབང་འོག་ཞི་བདེ་མེད་པའི་རྐྱེན་གྱིས་རེད།དུས་རབས་འགྱུར་ལྡོག་སོང་ཞིང་དམར་པོའི་སྲིད་དབང་དྲག་འཛིན་པ་ནི་འཛམ་གླིང་འདི་ཐོག་འཛེ་ནད་ཅན་དང་མཚུངས་ཤིང་ཚང་མས་དེར་གཡོལ་ཐབས་བྱེད་སའི་ཡུལ་རེད།དེ་དང་ཏཱ་ལའི་བླ་མའི་དུས་སྐབས་དང་རྩ་བ་ནས་འདྲ་མཚུངས་མིན།

བཅུ་གཉིས།དམར་གཞུང་གིས་བོད་དོན་ནི་ཐག་གཅོད་དཀའ་བའི་གནད་དོན་ཞིག་ལ་ངོས་འཛིན་བྱས།

ད་ལྟའི་དུས་ཀྱི་དམར་ཤོག་དང་མོའོ་ཙེ་ཏུང་གི་དུས་རབས་སྐབས་ཀྱི་བསམ་བློ་མི་འདྲ།མོའོ་ཡིས་དྲག་མཚོན་གྱིས་བོད་དབང་བསྒྱུར་དགོས་པའི་དམིགས་ཡུལ་དེ་ནི་ཁོ་རང་རྒྱལ་པོ་ཆེན་པོ་ཞིག་བྱེད་འདོད་ཡོད་པས་རེད།ཁོས་ས་མཚམས་ཅི་ཙམ་དབང་བསྒྱུར་ཐུབ་ན་དེའི་ཙམ་གྱིས་དབང་ཤུགས་དང་གཟི་ཉམས་ཆེ་རུ་འགྲོ་རྒྱུ་རེད།མོའོ་ཙེ་ཏུང་གི་མི་ཚེའི་ནང་༼གནམ་འོག་ངས་བདག་འདོད་༽པའི་དམིགས་ཡུལ་བརྩོན་ལེན་བྱས་ཡོད།དེང་གི་དམར་ཤོག་ནི་སྐབས་དེའི་མོའོ་རྒྱལ་པོའི་རྒྱལ་ཁོངས་རྒྱ་བསྐྱེད་གཏོང་བར་རྗེས་འབྲངས་པ་ཙམ་ལས།སྒེར་ལ་སྡུག་ངལ་ཟད་མཐའ་མེད་པར་བགྲང་རྒྱུ་ཡོད།དེ་ནི་དགོས་མེད་ཀྱི་དོན་དག་ཅིག་རེད།

ཁོ་ཚོས་བོད་ལ་མེ་འཁོར་དང་གནམ་གྲུ།དངུལ་སྒོར་དང་འཛུམ་མདང་ཅི་ཙམ་བཏང་ཡང་མཐར་ཁོ་ཚོ་དང་ཁ་བྲལ་འདོད་ཀྱི་བྱུང་འབྲས་འདི་དེ་སྔོན་ནས་ཤེས་བཞིན་དུ་ལག་བསྟར་བྱས་པ་ཞིག་ཡིན།

མོའི་ཙེ་ཏུང་གི་༼མཚན་ཆའི་ནང་ནས་སྲིད་དབང་འབྱུང་༽བའི་བསམ་བློ་དེ་ནི་ཇག་པའི་བསམ་བློ་ཞིག་རེད།དེང་སང་དུས་རབས་ལ་འགྱུར་ལྡོག་སོང་ཚར་བ་རེད།ཇག་པའི་བསམ་བློས་བོད་མི་རྣམས་གཉའ་གནོན་བྱས་པར་བརྟེན་བོད་མི་ཚོ་ཁ་བྲལ་འདོད་པ་དང།ད་ལྟའི་ཆར་བོད་མིར་གཉའ་གནོན་བྱེད་པའི་བྱ་བ་དེ་ཡོངས་སུ་ཕམས་ཁར་ལྷུང་ཟིན་པའི་གནས་སྟངས་ཤིག་རེད།ཚང་མས་བསམ་བློ་བཅོས་བསྒྱུར་གཏོང་བའི་ཐོག་ནས་བོད་དོན་ཐགཅོད་ཡོང་ཐབས་བྱ་དགོས།