སེམས་ཀྱི་སྐད་ཆ་ཐུང་ངུ་།

ཟབ་ཅིང་ཡངས་ལ།

ཀུན་འབྱུང་གི་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར།

རིན་ཐང་ལྡན།

འདི་ནི།

 

ང་ཚོའི་ཕ་མེས་དང་ཡང་མེས་ཚོའི་སྙིང་ཁ་ནས་གདུས་པའི་ཟུངས་ཁྲག་དང་།

རུས་གསེབ་ནས་བརྡོལ་བའི་རྐང་མར་ཡིན།

འོན་ཀྱང་།

ཕུལ་བྱུང་གི་སྐད་ཡིག་འདིར།

སློབ་མཁན་དང་འཛིན་མཁན།

དབྱར་གྱི་ཆབ་རོམ་དང་།

དགུན་གྱི་མེ་ཏོག་བཞིན།

ཆེས་ཉུང་ཉུང་ཡིན།

གང་ལྟར་ཡང་།

ང་ཚོའི་མི་རིགས་འདི་ཡུན་གནས་ཐུབ་དང་མི་ཐུབ།

དེའི་བླ་སྲོག་སྐད་ཡིག་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་མིན་ལ་ཐུག་པ་འདི།

ང་ཚོས་ཤེས་པར་བྱས་ཏེ།

གཅེས་འཛིན་དང་སྲུང་སྐྱོབ་བྱ་དགོས།

ང་ཚོའི་ལུས་ངག་ཡིད་གསུམ་གྱི་ནུས་ཤུགས་ཡོད་ཚད།

དགའ་དད་སྤྲོ་གསུམ་གྱིས་སྐད་ཡིག་འདིའི་ཕྱོགས་སུ་སྤུངས་ཐུབ་ན།

ད་གཟོད།

བོད་མི་རིགས་འདི་ཆགས་འཇིག་གི་རླུང་འཚུབ་ཁྲོད་ནས་བཏོན་ཐུབ་པ་ཡིན།

༢༠༡༡། ༧།༡༩ ཉིན།