བོད་ལྗོངས་ཆ་འཕྲིན་དྲ་བའི་ “རྟོག་ཞིབ་ལས་ལེ་ཚན།”

དེ་མཚུངས་རྒྱ་གཞུང་གིས་༸གོང་ས་མཆོག་གིས་ལས་འཁྱུར་ངལ་གསོ་བྱས་པ་ཁྱབ་བསྒྲགས་བྱས་ནས་ཆོས་ལུགས་པ་རྣལ་མ་ཞིག་བྱ་རྒྱུ་ཡིན་ཚུལ་བསྒྲགས་པ་རེད་མོད། དོན་དངོས་ཐོག་ཟླ་བ་གསུམ་རིང་ལ་ཏཱ་ལའི་བླ་མ་རྒྱལ་ཁབ་བཅུར་ཉེ་བ་ཞིག་ལ་མཚམས་འདྲིར་ཕྱིན་པ་དང་ཆོས་ལུགས་ཀྱི་གར་སྟེགས་ཐོག་ནས་ཆབ་སྲིད་ཀྱི་ཟློས་གར་སྐྱོང་བའི་བྱེད་ཐབས་རྙིང་བ་བཀོལ་གྱིན་ཡོད་པ་དང་། འཛེམ་བག་གཏན་ནས་མེད་པར་ཀྲུང་གོར་ངན་འདོགས་དང་ཆབ་སྲིད་ཀྱི་མི་སྣར་ཐུག་འཕྲད་ཀྱིས་རྒྱལ་ཁབ་གཞན་དེ་དག་དང་ཀྲུང་གོའི་བར་གྱི་འབྲེལ་བ་གཏོར་བརླག་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐྱོེན་བརྗོད་དང་མཚད་སྨོད་བླ་ན་མེད་པ་བྱས་ཡོད་པས་མ་ཚད། ཨོ་བྷ་མས་༸གོང་ས་མཆོག་ལ་ཐུག་འཕྲད་བྱས་པ་དང་འཕྲལ་དུ་བོད་ལྗོངས་ཆ་འཕྲིན་དྲ་བའི་ནང་ “ཨ་རིའི་སྲིད་འཛིན་ཨོ་བཱ་མཱས་ཏཱ་ལའི་ལ་ཐུགས་འཕྲད་བྱས་པ།”་ཅེས་པའི་དམིགས་བསལ་དྲ་ཚིགས་བཟོས། དེར་ཁོ་རང་ཚོས་སྐྱོན་བརྗོད་སྙ་ཚོགས་པ་བྱས་པའི་གསར་འགྱུར་དང་དཔྱད་རྩོམ་སོགས་སྤེལ་ནས་འཛམ་གླིང་ལ་ཕྱིན་ཅི་ལོག་པའི་དྲིལ་བསྒྲགས་ཡོད་ཚད་བྱེད་ཀྱི་ཡོད་པ་རེད། དེ་བཞིན་དུ་དྲ་ཚིགས་དེའི་ཐོག་ “རྟོག་ཞིབ་ལས་ལེ་ཚན།”ཅེས་པའི་དྲ་ཐོག་འོས་བསྡུ་བྱེད་སའི་ལས་ཚན་ཞིག་བཀོད་བསྒྲིགས་བྱས་ནས་མི་མང་ནང་ཨོ་བྷ་མས་༸གོང་ས་མཆོག་ལ་མཇལ་འཕྲད་གནང་བའི་ཐད་བསམ་ཚུལ་གང་ཡོད་རྟོག་ཞིབ་བྱེད་ཁུལ་བྱས་འདུག ངས་རང་ཉིད་ཀྱི་དྲ་ཐོག་ནས་དྲི་བ་གཅིག་གི་ཐོག་ལ་ཚོད་ལྟའི་འོས་བསྡུ་ཞིག་བྱས་པ་ཡིན་མོད། དྲ་རྒྱས་ངོས་ལེན་བྱེད་ཀྱི་མི་འདུག་ལ། རྒྱ་ནག་པེ་ཅིན་ཁུལ་དུ་ཡོད་པའི་རྒྱ་བོད་གྲོགས་པོ་ཁག་ཅིག་ལ་ཡང་དེ་ལྟར་འོས་འཕེན་དུ་བཅུག་ཀྱང་ཁོང་ཚོས་ལ་ལས་ངོས་ལེན་བྱུང་མ་སོང་ཟེར་ལ། ལ་ལས་དྲ་རྒྱ་སྒོ་ཕྱེ་ཐུབ་ཀྱི་མི་འདུག་ཟེར། གཤམ་ལ་དྲ་ཚིག་དེར་བཀོད་ཡོད་པའི་འོས་བསྡུའི་དྲི་ཚིག་དག་དང་ད་བར་འོས་བསྡུ་བྱས་པའི་བརྒྱ་ཆ། འོས་འཕེན་མི་གྲངས་བཅས་དྲ་ཚིག་དེ་ལས་དྲང་ནས་བཀོད་ཡོད།

ཨོ་བཱ་མཱས་ཏཱ་ལའི་བླ་མར་ཐུག་འཕྲད་བྱས་པར་ཁྱེད་རང་ལ་དེའི་ཐད་ལྟ་ཚུལ་ཅི་ཞིག་ཡོད།

ཀ བོད་དོན་ལ་བརྟེན་ནས་ཀྲུང་གོར་བཀག་སྡོམ་བྱེད་པའི་ཨ་རིའི་སྲིད་ཇུས་ལ་འགྱུར་བ་བྱུང་མེད་པ། 30% མི་ 17

ཁ མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན། 4% མི་ 2

ག ཅི་མི་སྙམ་པར་འཛིན་པ། 66% མི་ 37

ཁྱེད་རང་གིས་བལྟས་ན། ཨོ་པཱ་མ་སྲིད་གཞུང་གིས་བོད་ལྗོངས་གནད་དོན་ཐད་ལ་འཛིན་པའི་སྲིད་ཇུས་ནི།

ཀ ལོ་རྒྱུས་སྟེང་བྱུང་བའི་སྲིད་གཞུང་གཞན་དག་དང་གཅིག་མཚུངས་རེད། 76% མི་ 28

ཁ། འགྱུར་བ་ཅུང་ཙམ་རེ་ཡོད་པར་སྲིད། 24% མི་ 9

ཨོ་པཱ་མས་ཏཱ་ལའི་ལ་མཇལ་འཕྲད་བྱས་པ་དེར་ཀྲུང་གོས་ཅི་ཞིག་བྱེད་འོས།

ཀ ལངས་ཕྱོགས་གསལ་འདོན་དང་མཐའ་གཅིག་ཏུ་ངོ་རྒོལ་བྱེད་འོས། 1% མི་ 1

ཁ ཀྲུང་གོ་སྲིད་གཞུང་གིས་དེར་དོ་ཁུར་ཆེན་པོ་བྱེད་དགོས་པའི་བསམ་འཆར་འདོན་ངེས། 1% མི་ 1

ག ཐོག་མར་བོད་མང་ཚོགས་ཀྱི་ལྟ་ཚུལ་ལ་དོ་སྣང་ཆེན་པོ་བྱེད་འོས། 98% མི་ 81

ཨོ་པཱ་མ་བོད་ལྗོངས་སུ་བསྐྱོད་མྱོང་ཡོད་དམ།

ཀ བསྐྱོད་མྱོང་ཡོད། 68% མི་ 49

ཁ བསྐྱོད་མྱོང་མེད། 32% མི་ 23

ཏཱ་ལའི་བླ་མ་བོད་ལྗོངས་ཀྱི་ལོ་དྲུག་ཅུའི་འཕེལ་རྒྱས་ལ་རྒྱུས་མངའ་ཡོད་དམ།

ཀ ཡོད། 96% མི་ 80

ཁ མེད། 4% མི་ 3