འཛམ་གླིང་བྱམས་སྐྱོང་གླེང་སྟེགས་ཞེས་པའི་ཚོགས་འདུའི་ཐོག་བོད་ཀྱི་མཁན་སྤྲུལ་གཉིས་གདན་འདྲེན།
དང་པོ། ཉམ་ཆུང་འཁོས་ཞན་གྱི་མང་ཚོགས་ལ་གཟིགས་སྐྱོང་བྱ་དགོས། དེ་ཡང་ང་ཚོའི་ཉེ་འཁོར་ན་མགོན་མེད་སྐྱབས་བྲལ་གྱི་རྒན་འཁོགས་དང་བདག་མེད་ཀྱི་དྭ་ཕྲུག ནད་ཚབ་གྱི་ཉེན་པ། དབང་པོ་སྐྱོན་ཅན་གྱི་མི་ཧ་ཅང་མང་པོ་མང་པོ་ཡོད་པས་ང་ཚོའི་ངོས་ནས་དེ་རྣམས་ལ་བྱ་བ་ཕན་ཐོགས་ཅན་ག་རེ་བསྒྲུབ་ཐུབ་ཀྱི་འདུག
གཉིས་པ། སེམས་ཅན་གཞན་གྱི་ཚེ་སྲོག་ལ་བྱམས་སྐྱོང་བྱ་དགོས།
དེ་ཡང་དུད་འགྲོས་སྐད་ཆ་བཤད་ཤེས་པ་དང་རིག་པ་ཚད་མཐོན་པོ་དེ་འདྲ་ མེད་ནའང་བདེ་སྡུག་གི་ཚོར་བ་ང་ཚོ་དང་གཅིག་མཚུངས་ཡིན་པས་སོ་སོའི་ཚེ་སྲོག་ལ་བདག་གཅེས་བྱེད་ཀྱི་ཡོད། “༧–༡༧”གྱི་ཨང་གྲངས་འདི་བརྩེ་བ་ཐེངས་གཅིག་འབུལ་ཞེས་པའི་སྒྲ་དོད་མཚོན་གྱི་ཡོད་པས་ང་ཚོས་ཉམ་ཆུང་གི་མང་ཚོགས་ལ་གཟིགས་རྟོག་ཙམ་དུ་མ་ཟད་སེམས་ཅན་གཞན་གྱི་ཚེ་སྲོག་ལའང་བྱམས་སྐྱོང་བྱེད་དགོས། ལོ་རྟག་པར་དུས་ཚེས་འདིའི་ཉིན་ལ་སེམས་ཅན་མང་པོ་ཚེ་ཐར་གཏང་བའི་རེ་བ་ཡོད།
གསུམ་པ། འཁོར་ཡུག་ལ་གཅེས་སྐྱོང་བྱ་དགོས། སའི་གོ་ལ་གཅིག་མ་གཏོགས་མེད། ང་ཚོ་གོ་ལ་འདིའི་སྟེང་གི་མི་བུ་ཞིག་ཡིན་ཕྱིན་མི་རེར་རང་ཉིད་འཚོ་གནས་ཀྱི་འཁོར་ཡུག་ལ་གཅེས་སྐྱོང་དང་དེ་ལ་འགན་འཁུར་གྱི་འདུ་ཤེས་ཡོད་དགོས། ཞེས་སོགས་གསུང་པ་ཡོད་པ་དང་། སྤྱིར་མཁན་པོ་མཆོག་གིས་ད་ཐེངས་གསུང་བཤད་ཟབ་ཞིང་རྒྱས་པ་དང་གསར་འགོད་པར་བཀའ་ལན་ཡང་གནང་ཡོད་ཀྱང་གསུང་བཤད་བསྡུས་ཙམ་བཀོད་པ་ཡིན། དགེ་བའི་རྒྱུར་གྱུར་ཅིག