བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དཔེ་དེབ་དབུ་འབྱེད།

ཕྱི་ལོ་ ༢༠༢༤ ཟླ་ ༠༤ ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཞེས་པའི་དཔེ་དེབ་གཅིག་དཔར་དུ་བསྐྲུན་ཏེ་དབུ་འབྱེད་མཛད་སྒོ་ཞིག་འཚོགས་འདུག་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་། རྒན་ན་ག་སངས་རྒྱས་བསྟན་དར་གཙོས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་དང་ཉམས་ཞིབ་པ་བཅས་ཕེབས་གནང་འདུག རྒྱ་གཞུང་གིས་རྣམ་ཀུན་བོད་ཀྱི་ལོ་རྒྱུས་ཀྱི་དཔེ་དེབ་པར་སྐྲུན་རིགས་ཆབ་སྲིད་ཀྱི་དམིགས་ཡུལ་ཞིག་ལ་ངོས་འཛིན་བྱས་ཏེ་དམ་དྲག་བྱེད་བཞིན་པ་སོགས་དང་འབྲེལ་ཏེ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་གིས་དཔེ་དེབ་པར་སྐྲུན་ཞུ་དགོས་པའི་གལ་གནད་དང་འབྲེལ་ལོ་རྒྱུས་ཀྱི་གལ་གནད་སྐོར་སོགས་གསུང་བཤད་གནང་། ཐེངས་འདིར་བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་གནང་བའི་དེབ་འདིའི་ནང་དགའ་ལྡན་ཕོ་བྲང་སྐབས་གཙོས་པའི་༸རྒྱལ་བ་སྐུ་ཕྲེང་ལྔ་པའི་སྐབས་དང་། ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཉེན་ཡོལ་དུ་ཕེབས་པའི་བརྒྱུད་རིམ། དེ་བཞིན་དགེ་ལུགས་པའི་ཡན་ལག་རྣམས་ཀྱི་སྐོར་བཅས་རེད་འདུག་པ་དང་། དཔེ་དེབ་འདི་ནི་བོད་ཀྱི་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་དང་། འབུམ་རམས་པ་བསོད་ནམས་རྒྱལ་མཚན། འབུམ་རམས་པ་གཉན་ཐར་བཅས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་གནང་བ་ཞིག་ཡིན་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།