མ་འོངས་སོན་རྩ་ཞིག་ལྔ་ལམ་དུ་བསྐྱལ་འདུག
ཉེ་བའི་ཆར་ཡང་སུ་ཇྭ་སློབ་གྲྭར་གོང་གི་གནས་ཚུལ་དང་གཅིག་མཚུངས་བྱུང་ཡོད། གནས་ཚུལ་འདི་ལྟ་བུ་རིགས་སླད་ཕྱིན་ནས་འགོག་ཐབས་གནང་རྒྱུ་དེ་ཤེས་རིགས་ལས་ཁུངས་གཙོ་བོ་གྱུར་པའི་ཚོགས་སྐྱིད་ཁག་ཚང་མར་འགན་ཡོད། འོན་ཀྱང་ང་ཚོའི་ཚོགས་སྐྱིད་ཁག་གི་ལས་འགན་ནི་དེ་ལས་ལྡོག་ཏེ་ཉེན་ཁ་མེད་པའི་གོམས་བགྲོད་སྐར་ཆ་ཁ་ཤས་དང་།འགྲུབ་རྒྱུ་མེད་པའི་སྒྲགས་གཏམ་རྫིག་པོ་རེ། ཉན་མཁན་མེད་པའི་ཉེན་བརྡ་རེ་སྤྲོད་ནས་འདུག་ཡོད། ལྔ་ལམ་གཤེགས་ཟིན་པའི་སློབ་གཉེར་བ་དེའི་ནང་མིར་སུ་ཇྭ་སློབ་གྲྭའི་ངོས་ནས་འགྲེལ་བཤད་ཇི་ལྟར་རྒྱབ་བརྩིས་ཡོད། ཕྱོགས་ཡོངས་ནས་བསམ་བློ་གཏོང་ན་གནད་དོན་འདི་ཆུང་རྩགས་ཤིག་གཏན་ནས་མིན། ཚང་མས་འདིའི་ཐད་ཐུགས་དཔྱད་གནང་གལ་ཆེ་ཙམ་འདུག་སྙམ།