ངའི་མིག་མདུན་གྱི་མེ་ཏོག་སེར་ཅན།
རྩྭ་ཐང་མེ་ཏོག་སེར་ཅན་མ།།
རྩྭ་ཐང་མཛེས་རྒྱན་ཁྱེད་ཀྱིས་སྤྲས།།
རྩྭ་ཐང་སྐྱེས་པའི་ཁམས་ཕྲུག་ངས།།
རྩྭ་ཐང་སེར་ཅན་འཐུར་རུ་འགྲོ།
ལྷ་ཡིས་བུ་མོ་དབྱངས་ཅན་མ།།
ལྷ་ཡུལ་ཕ་རོལ་ཞིངས་ཁམས་ན།།
ལྷ་སྲས་བརྒྱ་བྱིན་གངས་ཕྲུག་ངས།།
ལྷ་མོ་ཁྱེད་ཀྱི་དྲི་ཞིམ་བཙལ།།
ཁམས་མོ་ལང་ཚོ་མཛེས་ལྡན་མ།།
ཁམས་མའི་རང་གཤིས་ཁྱེད་ལ་ལྡན།།
ཁམས་ཕྲུག་སྤྲང་པོ་འཁྱམ་པོ་ངས།།
ཁམས་མོ་ཁྱེད་ཀྱི་བརྩེ་དུང་འདོད།།
ཏྲེ་ཏིག་འཚོལ་ནས།
