བོད་པ་ཚང་གི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་ལ་ཕུལ་བའི་ཤེས་སྨོན་འོད་ཀྱི་གཤོག་པ།
གཞིས་འཛོམ་གྱི་རེ་འབྲས་དྲོན་མོ་ཁྱེད་ལ་བཅོལ་ཞིང་ཁྱེད་ཀྱི་ལམ་སྟོན་ལ་རེ་སྒུག་གི་ལོ་ཟླ་འཕུད་དགོས་ཟེར་དུངས་ཞེན་གྱི་རྦ་རླབས་སེམས་ན་འཕྱུར་བཞིན་ཁྱེད་ཀྱི་ཕྱག་ལས་ལ་ལམ་ལྷུང་ཡོང་ཆེད་ལྷ་བསང་དང་གསོལ་མཆོད་ཀྱིས་དབྱངས་རྟ་བསྒྲོགས་བཞིན་རླུང་རྟ་ལེབ་མོ་མཁའ་དབྱིངས་སུ་སྦར་ཏེ་ཡོད། ཤེས་འཇོན་གྱི་བཀའ་ཁྲི་གསར་བའི་ཆོ་ལོ་ལེན་མཁན་ལོ་རྒྱུས་ཀྱི་ཐོག་མར་ཁྱེད་ཡིན་ཟེར་དུས་རབས་ཀྱི་མཆོང་བསྟབས་ཤིག་ན་ན་གཞོན་གསར་བའི་ཁྱུ་ཚོགས་ལ་རེ་སྙེག་གི་མདུན་ལྗོངས་སྟོན་མཁན། ཡབ་མེས་ཀྱི་དཔའ་བོ་དང་དབའ་མོ་ཚོའི་རེ་འདོད་ཀྱི་ཕུགས་ནོར་ལེན་མཁན།ཤ་ཁྲག་གི་འབྲེལ་བ་ཟབ་པའི་འདས་སོང་གི་སྤུན་ཟླ་ཁྱུ་གཅིག་གིས་འཕྲེང་ཞེན་གྱིས་ རེ་བ་མི་ཡུལ་ལ་བཞག་ཏེ་ཕྱིར་ཡོང་མེད་པར་ཞིག་ལ་ཆེས་སོང་། བཀའ་ཁྲི་ལགས་ཁྱེད་ལ་བཅངས་བའི་དུངས་ཞེན་དང་ཁྱེད་ལ་འཕྲེང་བའི་ལོ་རྒྱུས་རིང་འགན་ཤིང་ལྕི་མོ་ཞིག་གི་ཧྲག་བར་ན་སྤོབས་སྟོབས་ཀྱི་མགོ་བོ་དགུང་དུ་འདེགས་པའི་བཀའ་ཁྲི་ལགས། མངོན་འདོད་ཀྱི་རེ་བསམ་གཡུར་དུ་ལྡེམ་པ་དང་གཞིས་འཛོམ་གྱི་དུས་སྟོན་ལྷ་ལྡན་ནས་མྱུར་མཛལ་ཡོངས་བར་སྨོན། རླབས་ཆེན་གྱིས་ཉིང་སྟོབས་ཧི་མ་ལའི་ལྟོས་དང་མཉམ་པར་སྨོན།
ཕུགས་བསམ་གྱི་འོད་དཀར་དེ་གཙང་བོའི་རྒྱུན་དང་མཚུངས་པར་སྨོན། མཛད་འཕྲིན་གྱི་གདུགས་དཀར་དེ་ཕྱོགས་བཞི་ལ་ཁྱབ་པར་སྨོན། བཀའ་ཁྲི་ལགས་ཀྱི་ལོ་རྒྱུས་འཛུམ་གྱིས་བསུ་བ་དང་ཤར་ནུབ་གྱི་གར་སྟེགས་སྟེང་ནས་འུ་ཅག་གི་ལས་དབང་དང་ཕུགས་བསམ་གླེང་བར་སྨོན།
མི་འགྱེང་བར་པོ་ཏྭ་ལའི་ཐང་ཆེན་དཀྱིལ་ནས་རང་དབང་གི་བདེ་སྐྱིད་འཆར་བར་སྨོན་ལོ་རྒྱུས་ལྡན་པའི་གངས་སེང་གི་རྒྱལ་དར་མཁའ་དབྱིངས་སུ་བསྐྱོད་པར་སྨོན། རྒྱལ་གླུའི་དབྱངས་རྟ་རིང་མོ་གཞིས་འཛོམ་གྱིས་མཉམ་དུ་བསྒྲོག་པར་སྨོན།
གསར་འགྱུར་གྱི་ལས་རིམ་རེ་རེ་ཤར་ནུབ་ཀུན་ལ་བསྒྲོག་པར་སྨོན།
འོད་སྟོང་གི་ཉི་མ་གཞོན་ནུ་ཞིག་དང་མཉམ་དུ་རང་ཡུལ་ལ་མྱུར་མོར་ཕེབས་པར་སྨོན། འུ་ཅག་གི་གཞིས་ཁྱིམ་ལ་དྲོད་སྣང་གསར་བའི་མེ་ལྕེ་མཆེད་པར་སྨོན།
སྦྲ་ནག་དང་སྦྲ་དཀར་གྱི་བརྩེ་བའི་ངོགས་ནས་དགོད་སྒྲ་མཉམ་བསྒྲོག་ཡོངས་བར་སྨོན རང་བྱུང་མཛེས་སྟུག་ལྡན་གི་ཕ་ཁྱིམ་ནས་བག་ཕེབ་དང་འཚེ་མེད་ཀྱི་ལམ་བུ་
བསྒྲོད་པར་སྨོན། ཁྲག་རྒྱུན་གཅིག་པའི་སྤུན་ཟླ་ཚོས་ཁྱེད་ལ་ཡིད་ཆས་ཀྱིས་ཁེངས་ཤིང་ཁྱེད་ཀྱི་ལམ་སྟོན་ལ་
ལྡིང་སྐོར་བྱེད་བཞིན་ཡོད་ཡ།
བཀའ་ཁྲི་ལགས་ཀྱི་སྐུ་ཁམས་བདེན་འཇགས་ཡོངས་བར་སྨོན།
བསྒྲུབ་འདོད་པའི་ཕྱག་ལས་ལ་ལམ་ལྷུང་ཡོངས་ཆེད་མཆོག་གསུམ་གྱི་
སྐྱབས་མགོན་གནང་བར་སྨོན།
ནོར་གླིང་དང་གཙང་གཞུང་ལ་གཏམ་རྒྱུད་གསར་བའི་ལོ་རྒྱུས་འབྲི་བར་སྨོན།
པོ་ཏྭ་ལའི་གསེར་མདོག་གི་རྒྱ་ཕིབ་ལ་འོད་མདངས་ཀྱིས་གཟི་བརྗིད་འཁྲུང་བར་སྨོན།
གོང་ས་མཆོག་གི་གསེར་ཞལ་མཉམ་དུ་མཇལ་བ་དང་ལམ་སྟོན་གྱི་བླངས་དོར་མཉམ་དུ་ཐོབ་པར་སྨོན།
དབང་ཐང་གི་རླུངས་རྟ་དང་གྲགས་སྙན་གྱིས་འབྲུག་སྟོང་ཕྱོགས་བཞིར་་ལྡིར་བར་སྨོན། རླུངས་རྟ་ལ་མཉམ་རྒུད་མེད་པར་ཕུ་བོ་གེ་སར་སོགས་ཀྱི་ལམ་སྟོན་དང་མགོན་སྐྱབས་གནང་བར་སྨོན།
བཀའ་ཁྲི་ལགས་ཀྱི་མཛད་འཕྲིན་ལ་འོད་སྟོང་འབུམ་གྱིས་ལོ་རྒྱུས་ཡོད་པར་སྨོན་་་་་་་་་་་་ གངས་་རི་དང་ཞོ་རྩམ་ལ་དུངས་ཞེན་དཀར་བའི་རྒྱལ་ཁམས་པ་གསེར་རྟ་བསོད་ནམས་ཕུན་ཚོགས་སམ་གངས་འབྲོང་སྲས་སུ་འབོད་པས་རང་གི་ཚོར་ཤུགས་ཟབ་མོ་ཞིག་ཁྲག་རྩ་ནས་བར་མེད་རྒྱུ་སྐབས་བོད་ཀྱི་རྒྱལ་ས་གཉིས་པ་བཞུགས་རྒར་རྡ་རམ་ས་ནས་རང་ཤག་གཉིད་རྨོངས་འཐིམ་སའི་རབ་གསལ་འགྲམ་ནས་སྦྱར་བའོ་་་་་་་་་་་་་་་་་་་་་་་་་་་་་་་་་་ ཕྱི་ལོ་༢༠༡༡ ཟླ་༨ ཚེས་ ༡༠