ངའི་ཁྱེད་ལ་འཕུལ་བའི་སེམས་འཕྲིན་ཐོག་མ།

བརྒྱུད་རིམ་འདི་དག་གི་ཁྲོད་ནས་ངས་སྐད་ཆ་ཡོད་ཚད་ 

ཇི་ལྟར་མགོ་ཚུགས་དགོས་མིན་ཡང་ངས་མ་ཤེས། 

མ་ཚད་་་་་་

ང་གཉིས་ཁ་པར་གྱི་བརྒྱད་རིམ་གྱི་ཁྲོད་ནས

ཁྱེད་ཀྱིས་སྙིང་གཏམ་དྭངས་མ་མང་པོ་ཞིག་དེའི་དཀའ་ངལ་

ང་ལ་གླེང་བརྗོད་ཟིན་པའི་རྐྱེན་གྱིས

ངའི་ཁྱེད་ལ་བརྗོད་འདོད་པའི་སྐད་ཆ་དེ་ཚོ་ཡང་

ཁྱེད་ཉིད་ལ་སྡུག་བསྔལ་འཕར་མ་ཞིག་སྦྱིན་པ་དོག་ནས

ངས་སྐད་ཆ་ཡོད་ཚད་ཕྱིར་འགྱངས་བྱེད་བསམ་ཡང་།

ཁ་པར་གྱི་འཕྲིན་ཐུང་དེ་བརྒྱུད་ནས་

ངས་སྐད་ཆ་དེ་མགོ་བཙུགས་ཟིན་པ་ངས་རྗེས་ནས་ཤེས།

འོན་ཀྱང་་་་

ངས་སེམས་འཕྲིན་འདི་ནི་

ངེད་གཉིས་བར་གྱི་བརྩེ་དུངས་ཀྱི་དྲན་གསོའི་རྡོ་རིང་ལ་

དམ་བཅའ་ལྟར་བཟུང་ནས་འབྲི་བ་ཡིན་ལ།

ང་ཁྱེད་ལ་དུངས་བའི་བརྩེ་སེམས་ནང་གི་རི་མོ་དེ་ཚོ་

ཁྱེད་ལ་ངོམ་འདོད་བའི་རྐྱེན་གྱིས་འབྲི་བ་ཡང་ཡིན།

མ་གཞི་་་་

ངས་འདི་དག་ཡོད་ཚད་ཁྱེད་ལ་བརྗོད་དགོས་དོན་ནི

ང་དུས་རྒྱུན་འཇིག་རྟེན་འདི་ན་བརྩེ་དུང་དངོས་གནས་ཤིག་ཡོད་པ་དོག་ནས

ད་ཐེངས་ང་དངོས་གནས་བརྩེ་དུངས་དྭངས་མ་དེའི་

བྲོ་བ་ཞིག་བརྙད་འདོད་པ་ལས་

ངས་བརྩེ་དུང་གི་རྩེད་མོ་ཞིག་གཏན་ནས་རྩེད་ན་མི་འདོད།

གང་ལྟར་་་་་་

དེ་རིང་ནི་བརྒྱད་གཅིག་གྲོགས་པོའི་དུས་ཆེན་ཡིན་ཡང་

ངེད་གཉིས་ནི་

གྲོགས་པོ་ནས་བརྩེ་དུང་འཐབ་རྭའི་ཁྲོད་དུ་མཆོང་བའི

འཐབ་དམག་བ་གཉིས་འགྱུར་ཟིན།

དེ་བས་རྐྱེན་གྱིས་

ངས་བརྩེ་དུངས་འཐབ་རྭའི་ཁྲོད་ནས་

བརྩེ་དུང་དྭངས་མ་ཞིག་གི་མཚོན་ཆ་འཁྱེར་ནས་

བརྩེ་དུང་གི་རྒྱལ་ཁལ་ཐོབ་ན་འདོད་དམ།