མྱ་ངན་མེ་ཏོག།

 

འཐབ་རྩོད་མེ་ལྕེ་ཁོང་ནས་འབར་ཡང་ལས་དབང་ཞིག་བཀོས་ཐང་ལས།

མི་ལོ་ལྔ་བཅུ་འདི་ནས་འཆོར་ཞིང་བདེན་དོན་དྲོན་མོའི་རང་ཁྱིམ་མེད།

སྐྲ་ལོ་དཀར་པོ་འདི་ནས་དོར་བས་ཁྱེད་ཉིད་ཐུགས་ཀྱི་གསང་བ་ན།

ཡིད་ཕམ་མ་ཤོར་ང་ཚོས་ཁྱེད་ལ་མྱ་ངན་གུས་པས་མེ་ཏོག་ཕུལ།།

 

ཁྱེད་དང་ཁྱེད་ཉིད་མེས་པོ་དམ་པའི་རུ་ཚོགས་རྒྱབ།

ང་དང་ང་ཚོས་བདེན་དོན་ཟབ་མོའི་ལམ་ཁར་སྙེགས།

དེ་རིང་ཁྱོད་ཚོར་མེས་པོ་དམ་པའི་སྐུ་ཕུང་མདུན།

ཐུགས་སེམས་གསོ་ཕྱིར་མྱ་ངན་མེ་ཏོག་མཆོད་པས་ཕུལ།།