ཏ་ལའི་འདབ་མར་འཁོད་པའི་ང་།

ཡིད་མི་ཆེས་པའི་གློ་བུར་པའི་འགྱུར་འགྲོས་དེས

ངས་རང་ཉིད་རྨི་ལམ་ཁྲོད་ན་ཡོད་པའི་ཉམས་སྣང་བྱུང་

འོན་ཀྱང་ ལག་པས་མིག་ཟུང་ཐེངས་འགར་མཉེས་ཀྱང་

དེ་ནི་རྨི་ལམ་གཏན་ནས་རེད་མི་འདུག

རྨི་ལམ་མིན་པའི་རྨི་ལམ་གྱི་ངང་ཚུལ་དེ་ན

ངས་རང་ཉིད་ལ་ལྟ་དུས

ང་ནི་རང་ཉིད་ལས་བརྒལ་འདུག

ང་ནི་གཡང་ལུང་ལ་དགའ་བའི་མི་ཞིག་ཡིན་ན་ཡང་

གློ་བུ་བའི་འགྱུར་དེས་རང་ཉིད་སྒང་ཐོག་ན་འཕངས་འདུག

ཡིད་མ་ཆེས་པའི་ངང་ནས་རང་ཉིད་ཀྱི་གནས་ལུགས་དེ་ཁས་ལེན་དགོས་བྱུང་

དུས་དེར་ འདོད་པའི་སྒྱུ་རྩལ་ལ་མཁས་པའི་ལུས་ཕྲ་མས

ང་ལ་འཛུམ་གྱི་སོ་དཀར་བསྟན་བྱུང་ལ

ངས་མིག་གི་ངོགས་ན་སོ་དཀར་པོ་རིག་པ་དང་པོ་ཡང་་དེ་ཡིན

་ད་དུང་ ལུང་མདོ་ནས་བྱུང་བའི་བྲག་ཅ་དག་ལས་ཁྲོ་ཉམས་མངོན་ལ

ཁྲོ་འཛུམ་གཉིས་ཀྱི་བར་ན་ ངས་ཁྲོ་ཉམས་ཀྱི་ཉིང་དགོས་གཞི་ནས་མཐོང་སོང་

དུས་དེར་ མིག་ངོགས་ན་ཁྲོ་འཛུམ་བར་མ་དག་ནི་གཏན་ནས་བོར་འདུག

ཞོགས་པ་དེར་ ཉི་འོད་འཕྲོས་མ་ཉིད་ནས

ལང་ཚོས་སྤུངས་པའི་གླུ་དབྱངས་དེས་

ང་ལ་ཆེས་འཇམ་པའི་ངང་ནས་ར་སྤྲོད་བཏང་བྱང་

དེ་ནས་བཟུང་ གཡས་གཡོན་གྱི་རྒན་འཁོགས་ཚོས་

ང་ལོ་ཏ་ལའི་འདབ་མར་འཁོད་ཚར་འདུག

རླུང་བུ་དང་དྲག་ཆར་ཇི་ལྟར་ལྡང་ཡང་

རྡོ་ངོས་བཀོད་པའི་མ་ཎི་བཞིན་ས

དྲན་སྣང་ངོགས་ན་ལྗིད་ཏིག་ཏིག་ངང་ནས

ཆུ་ངོགས་གྲུ་གཟིངས་ཇི་ལྟར་བསྐྱོད་ཀྱང་

ལོ་འདབ་ངོས་སུ་གནས་པར་ངེས