ཁྱོད་ཡོད་ན་ང་ཡང་ཡོད། ཁྱོད་མེད་ན་ང་ཡང་གསོན་ཐབས་མེད།

དེ་བས

ལུས་སྟེང་དུ་འབར་བཞིན་པ་ནི་ཀ་ཁའི་མེ་ལྕེ་དམར་བོ

ངའི་སྙིང་ཁར་བསྐོས་བཞག་པ་ནི་ཀ་ཁའི་ཚེ་སྲོག་ཧྲུལ་བོ་རེད་ཡ

ཨ་མའི་རུམ་ཁུངས་ནས་འཇིག་རྟེན་འདིར་ཐོག་མར་སླེབས་དུས

ངག་ནས་གྱེར་བཞིན་པ་ནི་ཨ་ཡིག་གི་དབྱངས་རྟ་ཡིན་ལ
རྣ་ཡིས་ཐོས་པ་ནི་ཀ་ཁའི་དབྱངས་སྙན་ལགས
མིག་ནས་འཚེར་བཞིན་པ་ནི་ཀ་ཁའི་གཟི་འོད་རེད

དུས་དེ་ནས་བཟུང

ཀ་ཁའི་དབྱངས་རྟ་དང་འགྲོགས་ནས་ངའི་ཚེ་སྲོག་གི་རྒྱུ་བ་བསྲིངས་ཤིང་
ཀ་ཁའི་རི་མོ་དང་བརྡོལ་ནས་ཉམ་ཆུང་བའི

ངའི་ལང་ཚོ་ཡི་འདབ་མ་རྒྱས

སྤུན་ཟླ་ལགས
འུ་ཅག་གི་མེས་པོའི་ཤ་ཁྲག་ལས་གྲུབ་པའི་
ཡིག་འབྲུ་གསོན་པོ་འདི་དག
ང་ཚོའི་ལག་མཐིལ་ནས་ཤི་ག་ལ་རུང
ཕ་མའི་རྔུལ་ཆུ་ལས་བརྡོལ་བའི་ཡིག་འབྲུ་འདི་དག
ང་ཚོའི་མིག་ཀོང་ནས་ཡལ་ན་ག་ལ་འགྲིག

དུས་ནམ་ཡང་
ཀ་ཁའི་དབྱངས་རྟ་ནི་ང་ཚོའི་ཚེ་སྲོག་གི་རྒྱུ་བ་ཡིན་ཞིང་
ཀ་ཁའི་གཟི་འོད་ནི་ང་ཚོའི་འོད་སྣང་དམ་པ་དེ་ལགས
སྤུན་གྲོགས་ཚོ
ང་ཚོ་ནམ་ཡང་ཀ་ཁའི་དབྱངས་རྟ་དང་

མཉམ་དུ་འཚོ་དགོས་ལ
ང་ཚོ་ནམ་ཡང་ཀ་ཁའི་གཟི་འོད་དང་

དམ་དུ་འཁྱུད་ནས་བསྐྱོད་དགོས
འདི་ནི ང་ཚོའི་འཆི་བ་འགོག་པའི་སྨན་མཆོག་རིལ་བུ་དེ་ཡིན་ཞིང་
འདི་ནི    ང་ཚོ་ཡུན་རིང་འཚོ་བའི་ཟས་མཆོག་དམ་པ་དེ་ཡིན་ལགས