༄༅།། བོད་ཀྱི་བཀའ་ཟུར་ཆེན་མོ་མི་དབང་འཇུ་ཆེན་ཐུབ་བསྟན་རྗེས་སུ་དྲན་པའི་གདུང་དབྱངས་སྙིང་གི་འཕར་སྒྲ།།
རླབས་ཆེན་གྱི་མི་བུ་འཇུ་ཆེན་འདྲ་བ་དཀོན་ཟེར་མཁན་རྒན་གཞོན་གྲངས་མང་ཞིག་གིས་ཁ་ན་བར་མེད་འཕྱུར་བཞིན་ཡོད།
ལར་ཞེན་དང་སྤོབས་སྟོབས་ཀྱིས་འོད་དཀར་བཞེངས་བའི་བཀའ་ཟུར་ལགས།
དཀའ་བ་བརྒྱ་ཕྲག་ལ་གདོང་ལེན་དང་སྙིང་སྟོབས་ཀྱིས་སེམས་ཤུགས་སྤར་མཁན་མི་དབང་ལགས།
དེ་རིང་མི་ཡུལ་ནས་འཇིག་རྟེན་གཞན་ཞིག་ལ་གྱེས་སོང་ཟེར་བའི་གཏམ་ངན་ཞིག་
ཐོས་སྐབས་སེམས་པ་དགུན་ཆུ་ལས་གྲང་བ་དང་བློ་ཕམ་ཚད་མེད་ཞིག་གིས་བདག་གི་
སྙིང་རྩ་དྲག་ཏུ་ལྡང།
ཁྱེད་ཀྱི་མི་ཚེ་འུ་ཅག་གི་ཁྱིམ་གཞིས་ཆེད་དུ་རྫོགས་སོང།
ཁྱེད་ཀྱི་རེ་བ་གང་མང་ཞིག་ཁུར་ཏེ་མི་ཡུལ་ནས་གཏན་དུ་གྱེས་སོང་།
པོ་ཏྭ་ལ་དང་ལྷ་སའི་མཛེས་ལྗོངས་ལ་ཕྱིར་མིག་འཁྲེང་བཞིན་ཆས་སོང་།
ལྟེ་ཁྲག་མཆོད་སའི་རང་ཁྱིམ་གྱི་ལོ་རྒྱུས་དང་སྡེ་དགུ་པར་ཁང་ཆེན་མོ་ལ་གཏན་དུ་
གྱེས་ཕྱག་ཕུལ་དགོས་ཐུག།
མི་དབང་ལགས་འཇུ་ཆེན་པ་ས་ཡ་དྲུག་གི་ཆེད་དུ་བདེན་དོན་གྱིས་ལོ་རྒྱུས་སྤར།
ལྷག་བསམ་གྱི་ཚེ་འབར་སྒྲོན་བཞིན་ཁྲི་སྲོང་གི་ཁྱིམ་གཞི་ལ་འོད་སྣང་གི་རེ་བ་སྦྱིན།
ཡོད་ཚད་རང་རིགས་ཀྱི་ཆེད་དུ་བློས་གཏོང་བྱེད་མཁན་གདོང་དམར་གྱི་ཕོ་རྒོད།
ཆབ་སྲོད་ཀྱི་ལམ་སྟོན་པ་གཞོན་སྐྱེས་ཁྲི་ཕྲག་གི་ཕུགས་བསམ་གྱི་རེ་བ་བཅོལ་ས།
ཁྱེད་ཀྱི་སྦོབས་སྟོབས་དང་རེ་བ་ལ་འཇུ་མཁན་གྲངས་ཀྱིས་ག་ལ་ཆོད།
མི་རིགས་ཀྱི་ལས་དབང་ལ་གཅེས་དུང་གིས་ལམ་སྣེ་མཐུད་མཁན།
སྐྱོ་གདུང་གི་ལོ་རྒྱུས་འབྲི་བཞིན་བར་དོའི་སྐྱེས་སུ་འོད་མཚན་དང་བགྲང་ཡས་ཚོགས་
ཟུང་གི་བསྔོ་སྨོན་གྱི་སྐྱེལ་མ་བྱས་ཡོད།
བོད་ཀྱི་བཀའ་ཟུར་ཆེན་མོ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་དགོངས་པ་གཞན་དུ་
གཤེགས་སྐབས་བློ་ཕམ་ཆེན་པོས་ངང་ནས་གསེར་རྟ་་བསོད་ནམས་ཕུན་ཚོགས་སམ་
འཁྱམ་པོ་འབྲོང་སྲས་སུ་འབོད་པས་སེམས་གདུང་གི་སྐྱོ་སྣང་ཤར་ཤར་བཞུར་སྐབས་
འཆར་སྒམ་ངོས་སུ་ཁ་ཐུག་ལ་བྲིས་སོ།། ༢༠༠༡༡ ༩ ༡