བོད་ནང་ཁ་དཔར་གྱི་ལམ་ནས་ཕ་རྒན་དང་གཏམ་གླེང་ཚིག་གསུམ།
ངས།རེད་སྐུ་གཟུགས་བདེ་ཐང་རེད།
ཕས།དེང་སང་རྡ་སར་བཞུགས་ཡོད་རེད་པས།
ངས།ཁ་སེང་དེ་རིང་ཧ་གོ་མ་སོང་།ཉིན་ཤེས་སྔོན་ཕྱི་རྒྱལ་ཁབ་ཁག་ནང་ཆིབས་སྒྱུར་བསྐྱངས་པར་གནས་ཚུལ་ཐོས་པར་བཤད།
ཕས།ཁ་སྔོན་རྒྱ་ཕྱོགས་གསར་འགྱུར་ནང་ཨ་རིའི་དཔོན་རིགས་ཤིག་ཞི་ཅིན་ཕིན་དང་ཐུགས་འཕྲད་སྐབས་ཨ་རི་དཔོན་རིགས་དེས་བོད་དང་ཐེ་ཝན་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པར་
བཤད་པའི་སྐོར་ཁོ་ཚོས་བཤད་ཀྱི་འདུག་དེ་བདེན་ནམ།ང་རང་ཡིད་མི་ཆེས་ཅེས་པར།
ངས།དེ་གནས་ཚུལ་གསལ་པོ་མ་གོ་དེ་ཡིན་གྱི་མ་རེད་ཅེས་ལབ
ཕས།དེང་སང་བཀའ་བློན་ཁྲི་པ་གདམ་བཀོད་ཡིན་ས་རེད་དྲི་བ་དྲི་ལན་བྱེད་ས་འཁོར་ཐག་ཞིག་ང་ཚོས་བལྟས་པ་ཡིན་ཅེས་བཤད།
ངས།ཨ་ལེ་དེ་ནས་།
ཕས།དཔོན་པོ་གདམ་བཀོད་བྱེད་སྐབས་བློ་བཟང་སེང་གེ་དང་ཁོང་ཚོ་ལ་གུས་ཞབས་མི་འདུག་ཐད་ཀ་ཏོག་ཙམ་ཚ་དྲགས་འདུག་ཅེས་བཤད།
ངས།གེ་ཡོད་མ་རེད་དམངས་གཙོ་འགྲོ་ལུགས་རེད་བགྲོ་གླེང་ཡག་པོ་བྱས་ན་ལམ་ཁ་ཡག་ག་ཐོན་གྱི་རེད་པ་གུང་ཕྲན་ནང་བཞིན་དྲི་རྒྱུ་ཞིག་དང་གསང་རྒྱུ་ཞིག་ཡོད་ན་དམངས་གཙོ་ཆག་མི་ཐུབ་ཅེས་བཤད་།
ཕས།རེདརེད་གད་མོ་ཤོར།
ཕས།་བློ་སེང་ནི་དངོས་གནས་བལྟས་པ་ཙམ་ནས་ཤེས་ཡོན་་ལྡན་པ་ཞིག་ཏུ་མཐོང་བར་བཤད།
ངས།དེ་དང་ཡིན་གྱི་རེད་པ་སློབ་སྦྱོང་མཐོན་པོ་ཐོན་ཚར་བ་རེད་པ་ཅེས་བཤད།
ཕས།ཁོང་ཚོ་ལ་རྒྱལ་བ་རིན་པོ་ཆེའི་མ་འདས་སྐྲུལ་སྐུ་སྐོར་དྲི་བ་སྟོན་གྱི་འདུག་དེ་ལན་འདེབ་མཁན་ཞིག་གིས་གཏན་ནས་ཁོང་ལ་འདོད་པ་མེད་དེ་ནི་ལུགས་སྲོལ་མེད་པ་ཞིག་རེད་ཅེས་བཤད་སོང་ཅེས་བཤད།
ངས་ཨ་ལེ་།
ཕས།རྒྱལ་བས་ངོས་འཛིན་གནང་བའི་པན་ཆེན་རྒྱ་ནག་ལ་ཡོད་ས་ཨེ་རེད་གོ་ཅེས་བཤད།
ངས།དེ་ནི་མི་ཤེས་བཀག་ཉར་བྱས་ནས་ལོ་ངོ་བཅོ་ལྔ་བཅུ་དྲུག་འགྲོ་ཡི་ཡོད་ས་རེད་གང་ཡང་གོ་རྒྱུ་མི་འདུག་ཅེས་བཤད།
ངས།དེ་ནི་ངོས་འཛིན་སྐབས་གསང་བ་མ་ཐུབ་པ་དེ་ནོར་འཁྲུལ་ཆེན་པོ་བྱས་འདུག་བསམ་ཅེས་བཤད་སྐབས།
ཕས།་དེ་མ་ཐག་དེ་དངོས་གནས་རེད་དེ་ནི་གསང་བ་ཐོག་ནས་ངོས་འཛིན་བྱས་ནས་རྒ་གར་ལ་གདན་མ་ཐུབ་པ་དེ་ནོར་འཁྲུལ་དཔེ་མི་སྼིད་པ་ཤོར་ཚར་བ་རེད་ཅེས་བཤད་
ངས།ཡིན་ནའང་རྒྱལ་བ་ཀརྨ་པ་སྐུ་མདུན་འཁྲིས་སུ་ཕེབས་ཐུབ་པ་དེ་ཡག་པོ་རེད་པ་ཅེས་བཤད།
ཕས།རེད་དེ་རྒྱལ་པན་རྣམ་གཉིས་ཀྱི་ངོ་ཚབ་དེ་གནང་ཐུབ་ཀྱི་མ་རེད་།
ངས།གང་ཡིན་ན་ཅེས་བཤད།
ཕས།བོད་མི་རིགས་ཀྱི་སེམས་ནང་ལོ་རྒྱུས་ལྡན་པས་ཐོག་ནས་བོད་མི་རིགས་ཀྱི་སེམས་ཁོངས་སུ་ཁོང་རྣམ་པ་གཉིས་ཞུག་ཡོད་པས་ངོ་ཚབ་གནང་ཐུབ་ཁག་པོ་རེད་ཅེས་བཤད།
ཕས།ད་པན་ཆེན་གཉིས་བཟོས་པ་རེད་ད་བོད་ཕྱི་ནང་གཉིས་ཀས་བསམ་བློ་ཞིབ་ཚག་མ་བཏང་ན་ཡིད་བཞིན་ནོར་བུ་ཡང་གཉིས་བཟོ་སྼིད་པ་རེད་ཅེས་བཤད།ཚོར་སྣང་ཆེན་པོའི་ཐོག་ནས
ཕས།སྟོན་པ་བཅོམ་ལྡན་འདས་ཀྱང་ཞལ་མ་བཞུགས་པར་གཤེགས་པ་རེད་རྒྱལ་བ་ཡིད་བཞིན་ནོར་བུ་ཡང་ཉིན་ཞིག་གཤེགས་རྒྱུ་ཡིན་པ་གཏན་འཁེལ་བ་ཡིན་དུས་རྒན་གཞོན་བར་གསུམ་མེད་ཀྱིས་ད་ལྟ་སྔ་ས་ནས་བསམ་བློ་གཏང་དགོས་པའི་རེ་བས་ཚུལ་དུ་བརྗོད་བྱུང་བས།སེམས་ཚོར་ཆེན་པོས།
ཕས།ངས་བསམ་བཞིན་ཡོད་རྒྱལ་བ་ལྔ་པ་ཆེན་པོ་དགོངས་པ་རྫོགས་པའི་སྐབས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལོ་ཁ་ཤས་གསང་རྒ་གནང་བཞག་པ་རེད་འདུག་དེ་བཞིན་མ་འོངས་པར་སྐུ་ཕྲེང་བཅོ་ལྔ་པ་བདེ་ཐབས་ཆེད་གསང་རྒྱ་དེ་འདྲ་ཞིག་བྱ་ཐུབ་ན་ཅེསབཤད་པས
ངས།དེ་ནི་ཤིན་ཏུ་ནས་དཀའ་མོ་རེད་གང་ཡིན་ཟེར་སྐྱབས་མགོན་རིན་པོ་ཆེ་ནི་མཛད་འཕྲིན་གྱིས་མཛམ་གླིང་ཡོངས་ལ་ཕལ་ཆེར་ཁྱབ་པ་ལྟ་བུ་རེད།སྐུུ་བགྲེས་ནས་ཕྱི་ལོགས་སུ་ཕེབས་མ་ཐུབ་པའི་དབང་དུ་བཏང་རུང་ལོ་རེར་ཁོང་སྐུ་མདུན་དུ་བཅར་མཁན་ག་ཚོད་ཡོང་གི་རེད་གསང་བ་གཏན་ནས་བྱ་ཐུབ་ཐབས་ཡོད་མ་རེད་ཅེས་བཤད།
ཕས།རེ༣ད་རེད་ཁོང་ནི་བོད་ཙམ་མ་རེད་འཛམ་གླིང་སྤྱིའི་བླ་མ་རེད་ཅེས་ཟེར།
ངས་།ད་ད་ལྟ་ནི་ཡིད་བཞིན་ནོར་བུ་དགུང་ལོ་དྲུག་ཅུ་ལྟ་བུའི་ཚོད་དུ་གཞུགས་ནས་སྐུུ་ཡི་མཛད་འཕྲིན་སྐྱངས་བཞིན་པ་རེད་མ་མཐའ་ད་དུང་དགུང་ལོ་སུམ་ཅུ་ཙམ་བཞུགས་ངེས་རེད་ཅེས་ཧོབ་བཤད་བྱས་ནས་དེའི་ཚེ་ང་ཚོ་ཡང་རེ་བ་ཞི་འགྲུབ་ཀྱི་རེད་ཅེས་བཤད་
ཕས།ད་ང་ཚོ་དང་ཤི་འགྲོ་ཡི་རེད་གང་ཡིན་ནའང་བོད་རང་བཙན་་དེ་དུས་སྐབས་ལ་ལྟོས་ནས་གོ་སྐབས་རྩ་བ་ནས་ཤོར་མི་རུང་བ་ཞིག་རེད།རེ་བས་བསྐུལ་མའི་ཚུལ་དུ།
ཕས།སྔོན་རྒྱལ་ཚོགས་ཚུགས་པའི་སྐབས་སྐུ་དྲག་ཚོས་མ་འགྱོན་ནས་མིང་ཐོ་འགོད་མ་ཐུབ་པ་རེད་དེའི་ནོར་འཁྲུལ་མང་པོ་བགྲང་ཞིང་དགེ་ཆོས་ཀྱི་ཞལ་ཉན་ན་ཡིག་ཆ་ཞིག་དང་བསྐྱལ་ཐུབ་ཚོད་འདུག་སྟེ་བཤད།
ཕས།་ད་ལྟ་འབྲུག་པ་ལ་ལྟོས་དང་རྒྱལ་ཁབ་ཟེར་ན་ཆབ་མདོ་ཆེ་ཆུང་ཙམ་ཡོད་ན་ཕལ་ཆེར་ཡོད་ཀྱི་མ་རེད་རྡོངས་ཁག་གཅིག་ཙམ་དེ་འདྲ་ཚོད་ཙམ་རེད་དེ་རང་བཟའ་རང་ལས་བྱས་ནས་འཚོ་བཞིན་པ་རེད་
ཕས།དེང་ཞི་ཅིན་ཕིན་འདི་མི་ལྷོད་པོ་ཞིག་མཐོང་གི་འདུག་ཏོག་ཙམ་རེ་བ་ཡོད་པའི་ཉམས་སྣང་ཞིག་ཡོང་ཀྱི་འདུག་ཅེས་བཤད།
ཕས།དེང་སང་བོད་ནང་ཞི་ཅིན་ཕིན་དང་བློ་སེང་གཉིས་ཨ་རིས་ནང་སློབ་གྲ་མཐར་སོན་པ་གཅིག་མཚུང་ཡིན་པར་བཤད་ཀྱི་འདུག་དེ་ཨེ་ཡིན་་ན་ཅེས་དྲི་བའི་ཚུལ་དུ་བཤད་།
ངས།དེ་ངས་ཤེས་མ་སོང་ཅེས་ལན་བཏབ་པ་ཡིན།
དྲ་གྲོགས་ཚེ་ཞི་ཅིན་ཕིན་གྱི་ལོ་རྒྱུས་ཤེས་མཁན་ཡོད་ན་ཏོག་ཙམ་མཇུག་འདིར་བཀོད་གནང་རོགས་ངས་རྗེས་སུ་ཕ་དང་ལབ་གླེང་གི་སྐབས་གསལ་བཤད་ཅིག་བྱ་སྙིང་འདོད།