ཨ་ཕར་འཕྲིན་ཡིག།

 

སེམས་རྟོག་གཡོ་བའི་རླུང་གི་རང་གཟུགས་འདི།

སེམས་པ་ལྷོད་དུ་བབས་པའི་ངང་ཚུལ་ཆེད་།

སྙན་འཇེབ་སྒྲ་ཡི་གླུ་དབྱངས་རོལ་མོ་ལས།

ལྡིང་མཆོང་སེམས་ཀྱི་རྒྱུ་བ་མལ་དུ་སྟིམ།།

 

རྣམ་རྟོག་སེམས་པའི་རི་མོ་ཤར་ཤར་གྱིས།

ཚིག་གསུམ་ཚིག་བཅད་རི་མོ་ལམ་ལམ་ནས།

འོད་ཆེན་གློག་གི་རི་མོའི་དྲ་བ་ལས།

མྱུར་མྱུར་འཕྲིན་ཐུང་ཨ་ཕ་ཁྱེད་ལ་སྐྱར།