ལྷ་མོ་དྲན་པའི་སེམས་ཚོར་མཚོ་མོའི་ཤུགས་རིང་།
ངེས་མེད་རྒྱང་ལ་བཞུད་ཀྱང་། གྲངས་མེད་ཡུལ་གྱི་བསྐལ་ཡང་།
ཁྱེད་ལ་དུང་བའི་འབོད་བརྡ།། རྨི་ལམ་ནང་ནས་ཤོར་སོང་།
མཐའ་མེད་རྒྱ་མཚོའོི་རྦ་རླབས།། ཇི་འདྲའི་སྙིང་ལ་རྗེ་འང་།
ལྷ་མོའི་གནང་བའི་སྙིང་གཏམ།། འདི་འདྲའི་དཔེ་ཞིག་མ་རེད།།
ལྷོ་མོའི་ཕྱོགས་སུ་བསྐྱོད་པའི།། མཁའ་དབྱིངས་ཆུ་འཛིན་དཀར་པོ།།
ཁྱོད་ལ་སེམས་པ་ཡོད་ན།། ང་ཡི་འཕྲིན་འདི་སྤྲད་རོགས།།
ལུས་སེམས་འདྲེས་པའི་ལྷོ་མོ།། བརྩེ་སེམས་ཟབ་པའི་སྙིང་གྲོགས།།
ལོ་ཟླའི་འཁོར་བསྐྱོད་མཚམས་ན།། རེ་བའི་མཉམ་འཛོམ་སྒུག་ཡོད།།
ཆུ་ནི་གསེར་ཆུ་སྔོན་མོའི།། ཆུ་འགོ་གངས་ལ་ཐུག་ཡོད།།
ང་ཡི་བློ་ཕུགས་གཏོད་ས།། ལྷ་མོ་ཁྱེད་ལ་ཐུག་ཡོད།།
སྐྱོ་གདུང་འཚུབ་རླུང་ཁྲོད་ན།། ལྷོ་མོ་དྲན་པའི་ལོ་རྒྱུས།།
ཤོག་དཀར་ངོགས་སུ་ཕབ་སྟེ།།སེམས་གསོས་སྐྱོ་གླུ་བཏང་ཡོད།།
སེམས་གྲོགས་མེད་པའི་བུ་ང་། རྡ་སའི་གྲོང་རྡལ་དཀྱིལ་ན།།
སེམས་པ་ས་མིན་རྡོ་མིན།། ས་མཐའ་འདི་ནས་སྐྱོ་སོང་།
ཤ་གསེང་བར་ན་སྐོས་པའི།། ཁྲག་རྒྱུན་གསེབ་ན་བཞུར་བའི།།
བརྩེ་དུང་བཟི་ཁ་མངར་མོ།། ལྷོ་མོའི་གནང་བ་བརྗེད་མེད།།
ལྷོ་མོ་ཟུག་པའི་སྙིང་གཏམ།། འགྱུར་མེད་དམ་བཅའི་མནན་ཡོད།།
དམ་བཅའི་གདོང་གི་རི་མོ།། བླ་མའི་ཕྱག་ཏུ་ཕུལ་ཡོད།།
ཡལ་རྒྱུ་མེད་པའི་བརྩེ་དུང་། སྔོན་གྱི་ལས་ཤིག་ཡིན་པ།།
བསུབ་རྒྱུ་མེད་པའི་དམ་བཅའ།། མངོན་སུམ་ཡུལ་ལ་བཀོད་ཡོད།།
ལྷོ་མོའི་བཏང་བའི་འཕྲིན་ཡིག། ཁར་སང་ང་ལ་འབྱོར་སོང།
ལྷ་མོ་དྲན་པའི་མིག་ཆུ།། མ་བཞུར་ཁ་མེད་བྱུང་སོང་།
འཕྲིན་ཡིག་ནང་ནས་བརྗོད་བྱ།། རྒྱབ་ལྗོང་དམ་བཅའི་འདྲེན་ཡོད།།
དྲན་པའི་སེམས་ལ་ཟུག་སྐབས།། སྙིང་ནས་ན་ཟུག་ལོས་ཡོད་།
མཐིང་སྨིག་སྦྲ་ནག་མང་ས།། དཀར་ཆུང་ལུག་ཁྱུ་འཁྱུག་ས་།།
འུ་གཉིས་ཕ་ས་འདི་རེད།། ས་ཕྱོགས་འདི་ནས་འཛོམ་ཆོག།
ཞིང་འབྲས་ལོ་ལགས་འབྱུང་ས།། ནོར་ལུག་ཤ་ཤེད་རྒྱས་ས།།
འུ་གཉིས་ཕ་ས་འདི་རེད།། ལྷན་འཛོམ་འདི་ནས་བྱེད་ཆོག།
སྲོལ་རྒྱུན་རིག་གནས་འབྱུང་ས།། དེངས་དུས་སློབ་གྲ་མང་ས།།
ལྷ་མོ་འུ་གཉིས་ཕ་ས།། ཕ་ས་འདི་ནས་འཕྲད་ཆོག།
དགོན་སྡེ་ཁྲ་མོ་དར་ས།། དབང་ཐང་བསོད་ནམས་ཆེ་ས།།
ལྷ་མོ་ངེད་གཉིས་ཕ་ས།། ཕ་ས་འདི་ནས་འཕྲད་འོང།།
དུངས་བའི་ལྡིང་བསྐོར་བྱེད་བཞིན།། སྙིང་གྲོགས་ལྷ་མོའི་གམ་དུ།།
མི་འགྱངས་མྱུར་དུ་ཆས་ཆོག། ལྷོ་མོའི་སེམས་ཁྲལ་མ་བྱེད།།
འབྲོང་མདུན་མདོ་ནས་བཞུར་བའི།། མཛེས་སྟུག་གསེར་ཆུ་སྔོན་མོ།།
ཁྱེད་དང་ང་ཡི་སེམས་གསོ།། ལན་གསུམ་འཐུང་རྒྱུ་མ་བརྗེད།།
ལྷུན་སྟུག་འབྲོང་རི་སྨུག་པོ།། འུ་གཉིས་ཡུལ་ལྷ་འདི་རེད།།
མཆོདབསྟོད་ལན་གསུམ་མ་བརྗེད།། མི་མཐུན་གཡུལ་ལས་རྒྱལ་འགྲོ།།
ས་མཐའི་བྲིས་པའི་སྐྱོ་གླུ།། རྩིས་འཕྲུལ་ངོས་སུ་ཕབ་སྟེ།།
ཕ་ཡུལ་ཕྱོགས་ན་བཞུགས་པའི།། ལྷོ་མོ་ཁྱེད་ལ་ཤོར་ཐལ།།
20011 9 9