ཡིད་སེམས་འཁྲེང་བའི་གྲོགས་མོ།
སེམས་ཀྱི་གཏིང་ན་འཁྲུངས་པའི།། སྙིང་གྲོགས་སེམས་ཀྱི་དྲན་ཤིང་།།
འགྱུར་མེད་དམ་བཅའི་རི་མོ།། སེམས་ཀྱི་གསང་ལ་བཀོད་ཡོད།།
བརྩེ་དུང་དྭངས་གཙང་མཚོ་མོ།། བུ་མོའི་ཕྱོགས་ལ་བཞུར་བ།།
ལྷ་མོ་ཁྱེད་རང་མ་གཏོག། སུ་དང་གང་གི་མི་ཤེས།།
སེམས་ཀྱི་གསང་ན་དོད་པའི།། སེམས་གྲོགས་ཡིད་ཀྱི་འཁྲི་ཤིང་།།
དུང་བའི་ལོ་རྒྱུས་དྲོན་མོ།། རྨི་ལམ་ནང་ནས་ལས་སོང་།།
འཁྲེང་ཞེན་སེམས་ཀྱི་གསང་བ།། རྡ་སའི་རི་ལ་སྤར་ཡོད།།
རི་ལ་འཇིགས་པ་མེད་ན།། ནོར་བུའི་གླིངཁའི་ཐུག་ཡོང་།།
མི་ཚེའི་ཕྱེད་ཀ་རྫོགས་ཀྱང་།། བརྩེ་དུང་གསོན་པོ་རྙིང་མེད།།
ཞེ་གཏིང་སེམས་འཕྲིན་དཀར་པོ།། ཁྱེད་ཀྱི་ཕྱོགས་ལ་བཏང་ཡོད།།
ཡིད་ལ་ལྷུང་བའི་སེམས་གྲོགས་ཤིག་ལ་རྡ་སའི་འཁྱམ་པོ་གསེར་རྟ་བསོད་ནམས་ ཕུན་ཚོགས་སམ་གསེར་འབྲོང་སྲས་སུ་འབོད་པས་སྟོད་པ་དཀྱིལ་གྲོང་ནས་སུག་ བྲིས་སོ།། ༢༠༠༡༡ ༩ ༢༧
