I have copied the following document

      སྐད་ གྲགས་ཡོད་པའི་བོད་རིག་པ་མཁས་ཅན་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་ འཇུག་པ་སྐལ་བཟང་ཡེ་ཤེས་དང་རྩོམ་ཞིབ་ཆེ་མོ་གཞོན་པ་ཤེས་རམས་པ་སློབ་མའི་དགེ་ རྒན་པའོ་ལུའོ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབསཉེ་ཆར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་མི་སྒེར་གྱི་འཐུས་མིས་ཀྲུང་དབྱང་ལ་ཕུལ་བའིདྲན་ཐོའིནང་སླར་ཡངབོད་ཆེན་པོཟེར་ བའི་ཐ་སྙད་བཏོན་ཡོད་པ་དེ་ནི་ཏཱ་ལའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་ཕྲལ་གཏོང་བ་དང་ མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་བཏང་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ ལུགས་ཀྱི་ལམ་བུ་ཪྙིང་པར་མུ་མཐུད་བསྐྱར་ལོག་གི་རེ་ངན་འཆང་བ་གསལ་པོ་རེདཅེསབོད་ཆེན་པོཟེར་བའི་ངོ་བོ་གསལ་པོར་བསྟན་གནང་བ་རེད།

       སྐལ་བཟང་ཡེ་ཤེས་ཀྱིས་རང་རྒྱལ་གྱིམི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམསནངམི་ རིགས་རང་སྐྱོང་ས་གནས་བཙུགས་ཚེ་ཁྲིམས་གཏན་འཁེལ་བའི་གོ་རིམ་མ་བརྒྱུད་པར་མེད་ པར་བཟོ་བའམ་ཡང་ན་ཟླ་འགྲིལ་གཏོང་མི་ཆོག་པ་དང་། མི་རིགས་རང་སྐྱོང་ས་གནས་ཀྱི་ ས་ཁོངས་ས་མཚམས་གཏན་འཁེལ་བྱས་ཚེ་ཁྲིམས་གཏན་འཁེལ་བའི་གོ་རིམ་མ་བརྒྱུད་པར་ འགྱུར་བ་གཏོང་མི་ཆོག དངོས་འབྲེལ་མེད་པ་བཟོ་བ་དང་ཟླ་འགྲིལ་གཏོང་བའམ་ཡང་ན་འགྱུར་བ་གཏོང་དགོས་ཚེ་ གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་མི་རིགས་རང་སྐྱོང་ས་གནས་ ཀྱི་རང་སྐྱོང་ལས་ཁུངས་ཀྱིས་གྲོས་མོལ་གང་ལེགས་བྱས་རྗེས་ཁྲིམས་གཏན་འཁེལ་བའི་ གོ་རིམ་གཞིར་བཟུང་ཆོག་མཆན་ཐོབ་རྒྱུའི་སྙན་སེང་ཞུ་དགོསཞེས་གཏན་འབེབས་བྱས་ཡོད། ཏཱ་ལའི་རུ་ཚོགས་ཀྱིས་བཏོན་པའིབོད་ཆེན་པོཟེར་བ་ཀྲུང་གོའི་ལོ་རྒྱུས་ཐོག་བྱུང་མྱོང་མེད་ལ་དངོས་ཡོད་དང་བཅའ་ཁྲིམས་ཀྱི་གཞི་འཛིན་སའང་མེད་ཅེས་གསུང་གི་འདུག

        སྐལ་ བཟང་ཡེ་ཤེས་ཀྱིས་བསྟན་དོན། གནའ་རྫས་རྟོག་ཞིབ་རིག་པ་དང་། མིའི་རིག་པ།མི་རིགས་རིག་པ། ལོ་རྒྱུས་རིག་པ། གསོ་རིག་སོགས་ཀྱི་ཐད་ལ་ཞིབ་འཇུག་བྱས་པ་བརྒྱུད་གནའ་སྔ་མོ་ནས་བཟུང་ཀྲུང་ཧྭ་ སྤུན་ཟླའི་མི་རིགས་ཁག་ཚོ་མང་གཞི་གཅིག་གི་འཕེལ་ཕྱོགས་ཐོན་འགོ་ཚུགས་ཡོད། བོད་རིགས་འདུས་སྡོད་ཁུལ་དེ་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ས་ཁམས་དང་རིག་གནས་ ཀྱི་སྡེ་ཁོངས་གཅིག་ནང་གཏོགས་པ་དང་ཀྲུང་གོའི་ཚོ་མང་ལྟེ་བར་ཕྱོགས་ཤུགས་ཆེ་རུ་ ཕྱིན་མཐར་གཞི་གཅིག་ཏུ་འགྱུར་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་ར་སྤྲོད་གང་ལེགས་ བྱུང་ཡོད། ས་ཁམས་དང་རིག་གནས་སྡེ་ཁོངས་གཅིག་ནང་ཕན་ཚུན་འགྲོ་འོང་དང་། ཕན་ཚུན་འབྲེལ་འདྲེས། འབྲེལ་བ་ཟབ་པ་བཅས་ཀྱི་ཚོ་ཁག་དང་མི་རིགས་མི་འདྲ་བ་མཉམ་དུ་འཚོ་བ་སྐྱེལ་ཞིང་ དེ་ཚོའི་དབར་ཁྲག་རྒྱུད་གཅིག་མཚུངས་དང་ས་རྒྱུད་དམིགས་བསལ་ཅན་དེ་བཞིན་རིགས་ གཅིག་གི་རིག་གནས་སྲོལ་རྒྱུན་ལྡན་པས་ས་ཁམས་ཁག་དང་རིག་གནས་སྡེ་ཁོངས་ཁག་ནང་གི་ མི་རིགས་ལྔ་བཅུ་ང་དྲུག་གིས་ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་བཏོད་ཡོད།

      སྐལ་ བཟང་ཡེ་ཤེས་ཀྱིས་ངོ་སྤྲོད་གནང་དོན། རང་རྒྱལ་གྱི་སྲིད་འཛིན་འཛུགས་སྟངས་ཐད་ནས་ཀྲུང་ཡོན་དང་ས་འབྲེལ་ཡིན་པའི་མཚོ་ སྔོན་དང་། སི་ཁྲོན། བདེ་ཆེན་བཅས་ས་ཁུལ་དུ་ཆིན་རྒྱལ་རབས་ནས་བཟུང་དངོས་སུ་ཅུན་དང་། ཀྲོའུ། ཝུའེ། ཕུའུ། རྫོང་སོགས་སྲིད་འཛིན་ཚན་པ་བཙུགས་པ་དང་ཀྲུང་ཡོན་གྱི་ཀྲུང་དབྱང་རྒྱལ་རབས་རིམ་ བྱོན་དང་སྲིད་གཞུང་གིས་ས་ཁུལ་དེ་དག་ཐད་ཀར་དོ་དམ་བྱེད་པ་དང་གནའ་སྔ་མོ་ནས་ བཟུང་ཀྲུང་གོའི་མངའ་ཁོངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། བོད་སིལ་བུའི་རྗེས་སུ་བོད་དེ་ཀྲུང་དབྱང་སྲིད་

གཞུང་ གིས་ཐད་ཀར་དོ་དམ་བྱེད་པའི་སྲིད་འཛིན་ཁུལ་གཅིག་ཡིན་པ་དང་བོད་ཁུལ་གཞན་དག་ཀྱང་ སྒྲིག་སྲོལ་ཪྙིང་པ་རྒྱུན་འཛིན་བྱས་ནས་ཀྲུང་དབྱང་སྲིད་གཞུང་གིས་ཐད་ཀར་བདག་ སྐྱོང་བྱེད་པའི་ས་ཁོངས་ཤིག་རེད། གཞན་ཡང་བཙན་པོའི་ས་གནས་ཀྱི་སྲིད་དབང་ཀྱང་ཀྲུང་གོའི་མངའ་ཁོངས་ཀྱི་ས་གནས་རང་ བཞིན་གྱི་སྲིད་དབང་ཙམ་ཞིག་རེད།

      པའོ་ ལུའོ་ཡིས་བསྟན་དོན། ལོ་རྒྱུས་ནི་ལོ་རྒྱུས་ཡིན་པས་ལོ་རྒྱུས་བཟོ་བཅོས་རྒྱག་པའི་ལྐོག་གཡོ་གང་འདྲ་ ཞིག་ཡིན་རུང་ངལ་བ་འབྲས་མེད་ཅིག་ཡིན། བཙན་པོའི་ས་གནས་སྲིད་དབང་མངའ་ཐང་རྒྱས་ཤོས་སྐབས་སུའངབོད་ཆེན་པོཟེར་བ་ཐོན་མྱོང་མེད་པ་དང་དེ་ཐོར་ཞིག་ཏུ་སོང་རྗེས་ཀྱི་ལོ་རྒྱུས་འཕེལ་རིམ་ནངབོད་ཆེན་པོཟེར་བ་དེ་བས་ཐོན་མྱོང་མེད།

      སྐལ་བཟང་ཡེ་ཤེས་དང་པའོ་ལུའོ་ཡིས་གོང་གསལ་གྱི་ལོ་རྒྱུས་ངོ་མ་གྲངས་ལས་འདས་པའི་ཐོག་ནས་འཛམ་གླིང་ཐོག་གི་མི་རྣམས་ལ་ཀྲུང་གོའི་ལོ་རྒྱུས་ཐོགབོད་ཆེན་པོའིསྲིད་ འཛིན་ཁུལ་དབྱེའི་ཐ་སྙད་བྱུང་མྱོང་མེད་པ་དང་ཀྲུང་གོའི་མངའ་ཁོངས་ནང་གི་ཚོ་པ་ ཆེ་ཆུང་ཁག་དང་མི་རིགས་ཁག་སྔ་ཕྱི་བར་གསུམ་དུ་འདྲེས་སྡོད་ཆེན་པོ་དང་འདུས་ སྡོད་ཆུང་ངུར་གནས་པ་བཤད་ཆོག་པའི་ངོས་འཛིན་བྱེད་ཅིང་། ཁོང་རྣམ་གཉིས་ཀྱིས་ཏཱ་ལའི་རུ་ཚོགས་ཀྱིས་ལོ་རྒྱུས་ཀྱི་དོན་དངོས་ལ་མ་བལྟོས་ པར་ད་ལྟ་བོད་རིགས་འདུས་སྡོད་ཁུལ་ཡིན་ཕྱིན་ཚང་མབོད་ཆེན་པོའིཁྱབ་ ཁོངས་ནང་བཅུག་པ་དེ་ནི་ལོ་རྒྱུས་ཐོག་རྒྱུན་འཛིན་བཞིན་པའི་སྲིད་འཛིན་ཁུལ་ དབྱེ་དང་འཚམས་ཀྱི་མེད་ལ་གཅིག་གྱུར་ཡིན་ལ་མི་རིགས་མང་བའི་རྒྱལ་ཁབ་ཀྱི་མི་ རིགས་འདུས་སྡོད་ས་ཁམས་ཀྱི་གོམས་གཤིས་དང་འཚམས་ཀྱི་མེད།

བོད་ཆེན་པོཟེར་ བ་དེའི་ངོ་བོ་ནི་མེས་རྒྱལ་ཁ་ཕྲལ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་ དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་ཁས་མི་ལེན་པ་དེ་ཡིན་པ་དང་ལྐོག་གཡོ་དེ་ ངལ་བ་འབྲས་མེད་དང་ཕམ་ཉེས་ཡོང་ངེས་རེད། ལོ་རྒྱུས་ཀྱིས་སླར་ཡང་བདེན་དོན་དེ་ར་སྤྲོད་བྱ་རྒྱུ་ཡིན་པའི་ངོས་འཛིན་གནང་ གི་འདུག