སློབ་ཕྲུག་ཁག་ཅིག་གི་དམིགས་ཡུལ།
མ་འོངས་པར་སློབ་དཔོན་ཆེན་མོ་བྱེད་དགོས་བསམ་བསྡད་ཡོད། འདིར་ས་གནས་གང་ས་ནས་སློབ་མ་མང་པོ་འཛོམས། ཕན་ཚུན་སྐད་ཆ་ཤོད་དུས་སྐྱིད་པོ་འདུག བོད་ནས་སླེབས་མཁན་མང་པོ་འདུག བོད་ནང་དཀའ་ངལ་ཡོད་པ་དེ་ཚོ་ཤེས་རྗེས་མ་འོངས་པར་བོད་དོན་ལ་ལས་ཀ་བྱེད་དགོས་དྲན་གྱི་འདུག མ་འོངས་པར་སློབ་ཚན་ཚང་མ་བོད་ཡིག་ཐོག་བསླབ་ན། སྤྱིར་ཚང་མས་བོད་ཡིག་ཤེས་ཀྱི་ཡོད་པ་རེད། བོད་ཡིག་ཚིག་མཁྲེགས་པོ་འདུག སློབ་མ་ཚོ་སློབ་ཚན་ཐོག་དོ་སྣང་ཆུང་དུ་འགྲོ་ཡི་རེད་བསམ་གྱི་འདུག
སྐལ་བཟང་སྒྲོལ་མ་ལགས་ཀྱིས་གསུང་དོན། རྡོར་གླིང་གཏན་སློབ་ཏུ་འཛིན་གྲྭ་བཅུ་གཅིག་ཡིན། སློབ་ཚན་བོད་པ་དང་དབྱིན་ཇི་ཡི་སྐད་ཡིག་སྦྱོང་རྒྱུར་དགའ་བོ་ཡོད། དེ་མིན་རྒྱལ་རབས་སྦྱོང་རྒྱུར་དགའ་བོ་ཡོད། Economics སློབ་ཚན་ཁག་ཤོས་རེད། རྣམ་ཀུན་གཞས་འཁྲབ་རྒྱུ་དང་སྒྲུང་དེབ་ཀློག་རྒྱུར་དགའ་བོ་ཡོད། མ་འོངས་པར་སྨན་པ་བྱེད་བསམ་གྱི་འདུག དྷ་སར་སླེབས་དུས་ས་ཆ་གསར་པ་རེད། སྐྱིད་པོ་འདུག ཟབ་སྦྱོང་ཐོག་བོད་པ་ཡི་སྐོར་མང་པོ་ཤེས་སོང༌། མ་འོངས་པར་སློབ་ཚན་ཚང་མ་བོད་ཡིག་ཐོག་ནས་བསླབ་ན། སོ་སོའི་སྐད་ཡིག་རེད། སློབ་ཚན་དེ་ཚོ་སྦྱོང་རྒྱུར་ལས་སླ་བ་ཡོད་པ་རེད་བསམ་གྱི་འདུག
ཀིརྟིའི་སྐྱབས་ལགས་ཀྱིས་གསུང་དོན། བོད་ནས་ལོ་བདུན་ལ་སློབ་སྦྱོང་བྱས་པ་ཡིན། ད་ལྟ་སུ་ཇཱ་སློབ་གྲྭའི་འཛིན་གྲྭ་བཅུ་པར་ཞུགས་རྒྱུ་ཡིན། སློབ་ཚན་དགའ་ཤོས་ཚན་རིག་དང༌། ལྷག་པར་དུ་བོད་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་ཐོག་དོ་སྣང་ཡོང་ཐབས་བྱེད་ཀྱི་ཡོད། སློབ་ཚན་ཐོག་དམིགས་བསལ་དཀའ་ངལ་མེད། མ་འོངས་པར་ཚན་རིག་དང་བོད་པའི་ཆོས་ལུགས་སྦྱངས་ནས། དེའི་ཐོག་རྩོམ་པ་པོ་ཞིག་བྱེད་རྒྱུའི་འདོད་པ་ཡོད། ནམ་རྒྱུན་དབྱིན་ཡིག་གི་དེབ་ཀློག་རྒྱུ་དང༌། རྩོམ་ཡིག་འབྲི་རྒྱུར་དགའ་བོ་ཡོད། མ་འོངས་པར་སློབ་ཚན་ཚང་མ་བོད་ཡིག་ཐོག་བསླབ་རྒྱུ་ལ་གཙོ་བོ་དགེ་རྒན་ཡག་པོ་དགོས་པ་རེད། དགེ་རྒན་གྱིས་འགྲེལ་བཤད་ཡག་པོ་རྒྱག་ཐུབ་ན་སློབ་མར་དོ་སྣང་ཡོང་གི་རེད། འགྲེལ་བཤད་ཡག་པོ་མ་ཐུབ་ན་བོད་པའི་སློབ་མ་ཚང་མར་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་ཡོད་པ་རེད་བསམ་གྱི་འདུག།